|
|
|
ཁུ་ནུ་རི་བོ་ཡུལ་ཤུལ་གནས་སུ་འགྱིང་། |
|
|
ཁུ་ནུ་རི་བོ་ནི་ཡུལ་ཤུལ་ས་ཁོངས་ནས་མཆེད་ཅིང་ལེ་དབར་ཁྲི་འབུམ་དུ་བསྲིངས་པ་རེད། གནའ་སྔ་མོ་ནས་ཁུ་ནུ་རི་བོ་ནི་ཀྲུང་ཧྭ་མི་རིགས་ཁག་གིས་ཐུན་མོང་གིས་དད་མོས་བྱེད་པའི་གནས་རི་ཞིག་རེད། ཁུ་ནུ་རི་བོ་ལ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ལས་རི་ཚོགས་ཀྱི་མེས་པོ་ཞེས་པའི་གོ་གནས་ཆེན་པོ་ཞིག་བྱིན་ཡོད། གནའ་མི་ཚོས་ཁུ་ནུ་རི་བོ་ནི་ཀྲུང་ཧྭའི་འབྲུག་རྩ་ཞེས་པ་རུ་བརྩི་སྲོལ་ཡོད། གནའ་ནས་ད་བར་དུ་མཁས་མཛངས་དཀྱེལ་ཡངས་ཀྱི་མཁྱེན་ལྡན་པ་དང་། རིག་གནས་པ། ཡུལ་སྐོར་པ་སོགས་ཀྱིས་ཁ་ནུབ་ཞིང་དུ་བསྐོར་ཏེ་ཁུ་ནུ་རི་ཆེན་ལ་བརྩེ་བ་བཅངས་ཏེ་སྙན་ངག་དང་གླུ་དབྱངས་ལ་བརྟེན་ནས་ཁོང་ཚོས་ཁུ་ནུ་རི་བོ་ལ་བཅངས་པའི་དད་མོས་དང་བརྩེ་བ་བརྗོད་ཀྱིན་ཡོད། ལིས་པེ་ཡིས་གཡང་ཊི་རི་ཚོགས་མིག་གིས་མ་མཐོང་ན། །གནམ་བྲང་ཟླ་གསར་འོག་ཏུ་འཛོམས་ཐབས་མེད། །ཅེས་པའི་སྙན་ངག་བྲིས་ཡོད། མའོ་ཙེ་ཏུང་ཀྲུའུ་ཞི་ཡིས་ཀྱང་བར་སྟོང་ཆེན་པོ་བསྙེགས་ནས་མཆོང་པ་ནི། །ཁུ་ནུ་རི་བོ་མ་གཏོགས་གཞན་ཅི་ཞིག །ཅེས་པའི་གཏམ་ཆར་སྒྲོག་པ་ནི་ཁུ་ནུ་རི་བོའི་འཐུས་ཚབ་ཐུབ་པའི་བརྗོད་སྙིང་འབའ་ཞིག་རེད། |
|