པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>ཡུལ་ཤུལ་ལོ་རྒྱུས།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 ཡུལ་ཤུལ་ལོ་རྒྱུས།

ཡུལ་ཤུལ་ལ་ཡུན་རིང་གི་ལོ་རྒྱུས་ཡོད། ཁ་གཡེང་དང་ཁ་རོང་རིག་གནས་ལས་ཤེས་པ་ལྟར་ན་ལོ་གྲངས་འབུམ་ཚོ་གཉིས་ཀྱི་ཡར་སྔོན་ནས་གནས་འདི་ན་འགྲོ་བ་མི་རིགས་འཚོ་སྡོད་བྱེད་པར་རྟོགས། ཡུལ་ཤུལ་ནི་སྔར་བོད་བཙན་པོ་རྒྱལ་རབས་ཡར་སྔོན་གྱི་དུས་སུ་སུམ་པའི་ཡུལ་ཡིན། རྗེ་སྲོང་བཙན་གྱི་དུས་སུ་མྱང་མང་པོ་རྗེ་ཟུང་སྣང་གི་དུས་སུ་མི་རྟ་གཉིས་ལ་ཚེགས་མེད་པར་བོད་ཡར་ཀླུང་གི་ཚོ་པའི་ཁོངས་སུ་བསྡུས། ཕྱིས་སུ་འགྲོ་མགོན་ཆོས་འཕགས་ཀྱིས་བོད་ཁྲི་སྐོར་བཅུ་གསུམ་ལ་དབང་སྒྱུར་བའི་དུས་སུ་མདོ་སྟོད་ཕྱོགས་སུ་ཕྱོགས་སུ་ཕྱེས། ནང་ཆེན་རྒྱལ་པོ་ལ་གོང་མས་ཕན་བདེ་རྒྱལ་སྐྱོང་དབུ་བླ་ཞེས་པའི་ཆོ་ལོ་གནང་བ་དང་། ཆིན་རྒྱལ་རབས་ཀྱི་སྐབས་སུ་སོག་རྟ་ཁྲབ་ཅན་གྱིས་ཡུལ་ཤུལ་མངའ་འོག་ཏུ་བསྡུས། ཚོ་པ་ཁག་གི་མགོ་དཔོན་ལ་ཐེ་ཇིའི་མིང་དང་། ཡུན་ཀྲིན་ལོ་དང་པོ་སྟེ། སྤྱི་ལོ་༡༧༢༣ལོ་ལ་བློ་བཟང་བསྟན་རྒྱས་ཀྱིས་ཟིང་འཁྲུག་ལངས་ནས་ཉིན་ཀུན་ཡོང་གིས་ཞི་འཇགས་གཏོང་རྗེས་ཡུལ་ཤུལ་དཔོན་མགོ་ཉེར་ལྔ་མཚོ་སྔོན་ཁོངས་སུ་བསྡུས་ཏེ། མཚོ་སྔོན་དོན་གཅོད་བློན་ཆེན་གྱིས་ཐད་ཀར་བདག་སྐྱོང་བྱས། ནང་ཆེན་རྒྱལ་པོ་སྟོང་དུད་ཀྱི་བདག་པོར་བསྐོས། མིན་གོ་དུས་སྐབས་སུ་ཡུལ་ཤུལ་སྲིད་འཛིན་ལྟ་སྐུལ་ཆེད་མངགས་ཀྱིས་དོ་དམ་བྱས་ཏེ། ཡུལ་ཤུལ་དང་། ནང་ཆེན། ཁྲི་འདུ་བཅས་རྫོང་གསུམ་དང་། ཤིན་ཁྲོན་ལ་ཅུའུ་བཙུགས། རྫོང་རིམ་པ་འོག་གི་རིགས་རྒྱུད་ལྟར་དུ་སྟོང་བེ་ཧུ་ལམ་ལུགས་ཆགས་པ་རེད། ༡༩༤༩ལོའི་སྤྱི་ཟླ་༠༩པའི་ནང་དུ་ཡུལ་ཤུལ་ཞི་བས་བཅིངས་འགྲོལ་བྱས། སྤྱི་ཟླ་༡༠པའི་ཚེས་༢༧ཉིན་ལ་མཚོ་སྔོན་ཞིང་ཆེན་དམག་སྲིད་ཨུ་ཡོན་ལྷན་ཁང་ཡུལ་ཤུལ་དུ་སྡོད་པའི་ཆེད་དོན་ལས་སྒྲུབ་གཞུང་དོན་ཁང་བཙུགས་ཏེ། ཡུལ་ཤུལ་ས་ཁུལ་གྱི་རྒྱལ་དམངས་སྲིད་འཛིན་ལྟ་སྐུལ་ཆེད་ལས་སྤྱི་འགོད་ཀྱིས་ལས་ཀ་ལ་དོ་དམ་བྱས། ༡༩༥༠ལོའི་སྤྱི་ཟླ་༠༣པའི་ནང་དུ་ཡུལ་ཤུལ་དུ་སྡོད་པའི་ཆེད་དོན་ལས་སྒྲུབ་གཞུང་དོན་ཁང་མེད་པར་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཡན་ལག་ས་ཁུལ་མི་དམངས་སྲིད་འཛིན་ལྟ་སྐུལ་ཆེད་ལས་པ་སྤྱི་འགོད་པ་གསར་དུ་བཙུགས། ༡༩༥༡ལོའི་སྤྱི་ཟླ་དང་པོའི་ནང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡུལ་ཤུལ་ཆེད་ལས་པ་སྤྱི་འགོད་ཅེས་པ་རུ་བསྒྱུར། ལོ་དེའི་སྤྱི་ཟླ་༡༢པའི་ཚེས་༢༥ཉིན་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་མི་དམངས་སྲིད་གཞུང་གསར་དུ་ཚུགས་པ་དྲིལ་བསྒྲགས་བྱས། ས་ཁུལ་སྲིད་གཞུང་ཆགས་སའི་སྐྱེ་རྒྱ་གྲོང་རྡལ་གྱི་རིགས་སོ་སོའི་མང་ཚོགས་ཉིས་སྟོང་ལྷག་གིས་དགའ་སྤྲོ་འཁོལ་མོས་མི་རིགས་ས་ཁུལ་རང་སྐྱོང་སྲིད་དབང་ཚུགས་པར་དགའ་བསུ་ཞུས། ༡༩༥༥ལོའི་སྤྱི་ཟླ་དྲུག་པའི་༢༩ཉིན་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར། ༡༩༤༩ལོ་ནས་༡༩༥༣ལོའི་བར་དུ་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། ཆུ་དམར་ལེབ། འབྲི་སྟོད་བཅས་རྫོང་དྲུག་གི་མི་དམངས་སྲིད་གཞུང་རིམ་བཞིན་ཚུགས་པ་དང་། ༡༩༥༩ལོའི་སྤྱི་ཟླ་དང་པོའི་ཚེས་༢༢ཉིན་ལ་ཐིན་ཧུ་དང་། ཅང་ནན་རྫོང་མི་དམངས་སྲིད་གཞུང་གཉིས་གསར་དུ་བཙུགས། ༡༩༦༢ལོ་ལ་འཕྲི་འཐེན་བྱས། ཡུལ་ཤུལ་ས་ཁུལ་ནི་གནའ་ནས་བཟུང་ཀྲུང་ཡོན་ནས་བོད་དུ་བསྐྱོད་པའི་འགྲོ་ལམ་ཞིག་ཡིན་ཞིང་། མཚོ་སྔོན་དང་། སི་ཁྲོན། ཁམས་ཡུལ། བོད་ལྗོངས་སུ་སྐྱོད་པའི་འགྲུལ་ལམ་གལ་ཆེན་ཞིག་རེད། ཐང་བྷོད་གནའ་ལམ་འདིས་ཤར་ནུབ་གཉིས་ཀྱི་ས་ཁོངས་ཡོངས་སུ་མཐུད་ཅིང་སྦྲེལ་ཡོད། ཡུལ་ཤུལ་ནི་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། བོད་ལྗོངས་བཅས་ཀྱི་འགྲིམ་འགྲུལ་ས་ཚིགས་སུ་གནས་ཤིང་། ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་ཅིག་གིས་ཞིང་ཆེན་གཉིས་དང་ལྗོངས་གཅིག་གི་བར་གྱི་གལ་ཆེ་བའི་ཚོང་གཉེར་ས་ཚིགས་ཤིག་དང་། ཚོང་ཟོག་སྐྱེལ་འདྲེན་གྱི་ས་ཆ་ཞིག་ཏུ་གྱུར་ཡོད། ༼སྲིད་འཛིན་ས་བགོས།༽གཉན་ཆེན་ཐང་ལྷ་འདུས་པའི་ཁུལ་ཡོངས་ཀྱི་རྒྱལ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་ཉིས་འབུམ་དྲུག་ཁྲི་བདུན་སྟོང་ཡོད། དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་སའི་རྒྱ་ཁྱོན་ལས་བརྒྱ་ཆ་སོ་བདུན་དང་ཆ་ཤས་གཉིས་ཟིན། ས་ཁོངས་ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ལ་སྨིས་བཞི་སྟོང་ཡན་དུ་སླེབས་ཡོད། ལོ་འཁོར་མོའི་གནམ་གཤིས་དྲོ་གྲང་ནི་ཀླད་ཀོར་0°c ཡིན། མངའ་ཁོངས་སུ་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་དྲུག་དང་། གྲོང་རྡལ་བཅུ་དང་། ཡུལ་ཚོ་སོ་ལྔ། སྡེ་ ༼འབྲོག །༽དམངས་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་ང་བརྒྱད་ཡོད། རང་སྐྱོང་ཁུལ་ནི་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་དུ་ཆགས། དེ་ནི་ཤར་གྱི་གཞུང་ཐིག་༩༧°༠༡དང་། བྱང་གི་འཕྲེད་ཐིག་༣༣°༠༡གཅིག་གི་བསྣོལ་ཐིག་ཐོག་ཏུ་ཡོད། དེ་ནི་ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་གྱི་ལྟེ་གནས་ཡིན། ༢༠༡༢ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ལ་སྤྱིའི་མི་གྲངས་སུམ་འབུམ་དགུ་ཁྲི་ཉིས་སྟོང་ཡོད། དེའི་ནང་དུ་བོད་རིགས་ཁྲི་ཚོ་སོ་བརྒྱད་ཡོད་པས། དེས་མི་གྲངས་ཡོངས་ཀྱི་བརྒྱ་ཆ་གོ་བདུན་ཟིན། ད་དུང་རྒྱ་དང་། ཁ་ཆེ། ཧོར། སོག་པོ། ཟ་ལ། མེའུ་རིགས། པུའུ་གཞིས། མན་ཇུ། ཀོ་རེ་ཡ་སོགས་མི་རིགས་གཞན་གྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆ་གཉིས་དང་གྲངས་ཆུ་གསུམ་ཟིན། དེ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་སུམ་ཅུ་ཁྲོད་ནས་གཙོ་གྱུར་མི་རིགས་ཀྱིས་ཟིན་ཚད་ཆེས་མཐོ་བའི་རང་སྐྱོང་ཁུལ་ཞིག་རེད། ཡུལ་ཤུལ་ནི་འབྲོག་ལས་གཙོ་བོར་དང་། དེའི་ཞོར་དུ་ཞིང་ལས་ཀྱང་གཉེར་བའི་ས་ཆ་ཞིག་ཡིན་པ་དང་། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་རེད། དཔལ་འབྱོར་སྒྲིག་གཞི་ཆིག་རྐྱང་ཡིན་ལ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དལ་ཞིང། སློབ་གསོ་རིག་གནས་རྗེས་སུ་ལུས་ཤིང་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་པོ་མེད་པ་དང་། ཞིང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན། དབུལ་ཕོངས་ཀྱི་ས་རྒྱ་ཆེ་ལ་དབུལ་ཞིང་ཕོངས་ཚད་སྡུག །བོད་བརྒྱུད་ནང་བསྟན་ཆོས་ལུགས་གྱི་ལོ་རྒྱུས་ཡུན་རིང་ཞིང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཟབ་པ་རེད། ཡུལ་ཤུལ་ནི་འབྲི་ཆུ་དང་། རྨ་ཆུ། ཟླ་ཆུ་གསུམ་སྟེ་ཆུ་ཆེན་གསུམ་གྱི་ཆུ་མགོ་ཡིན། དེ་ནི་འཛམ་གླིང་ཐོག་ནས་ས་རྒྱ་ཆེས་ཆེ་བའི་གྲང་ཆེ་ས་བརླན་དང་། གྲང་ཆེ་རྩྭ་ཐང་། གྲང་ཆེ་ས་རྒོད་ཀྱི་ས་ཆ་ཡིན་པས་གྲང་ཆེ་སྐྱེ་དངོས་རང་བྱུང་དམིགས་བསལ་ཐོན་ཁུངས་བང་མཛོད་དང་། མཐོ་སྒང་གཞི་འཛིན་བང་མཛོད་ཅེས་པའི་མིང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་དང་། དམིགས་བསལ་སྣ་མང་རང་བཞིན། གཞི་འཛིན་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་དང་རང་བྱུང་མཛེས་ལྗོངས་སྣ་མང་རང་བཞིན་རྣམས་མངོན་གསལ་དོད་པོ་རེད། སྔ་མོ་ནས་ཆུ་ཆེན་གཙང་པོའི་འབྱུང་ཡུལ་དང་། རི་རྒྱལ་ལྷུན་པོའི་འདུས་འཁོར། གཡང་ཟོག་ནོར་གནག་གི་ཕ་ས། ཞབས་བྲོ་གླུ་གཞས་ཀྱི་ཕ་ཡུལ་ཞེས་དང་། ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད་པ་རེད། འབྲི་ཟླ་རྨ་མགོ་དང་། ཨ་ཆེན་གངས་རྒྱབ། རོང་པོ་མཚོ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གསུམ་གྱིས་རང་སྐྱོང་ཁུལ་ས་ཆ་ཚང་མ་ཁེབས་ཡོད། རྨ་འབྲི་ཟླ་རྨ་མགོའི་ལྟེ་གནས་སྲུང་སྐྱོང་ས་ཁུལ་བཅོ་བརྒྱད་ཁྲོད་ཀྱི་ས་ཁུལ་བཅུ་ནི་ཡུལ་ཤུལ་དུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་དགུ་ཁྲི་དྲུག་སྟོང་ཡིན། དེས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆ་ཞེ་གཅིག་ཟིན། འབྲི་ཟླ་རྨ་མགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་དོན་གཉིས་ཟིན། ཆུ་ཆེན་གསུམ་གྱི་འབབ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་ཉིས་འབུམ་སུམ་ཁྲི་བདུན་སྟོང་ཡོད། དེས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་ལས་བརྒྱ་ཆ་གྱ་དགུ་ཟིན། དེ་ནི་རང་རྒྱལ་དང་ཡ་གླིང་གི་ཆེས་གཙོ་བོའི་འབབ་ཆུ་སྟོད་རྒྱུད་ཀྱི་ཆུ་མགོ་ས་ཁུལ་ཞིག་རེད་ལ། ཨོའུ་ཡ་གླིང་ཆེན་གྱིས་གསོས་པའི་ཆུ་ཆེན་ཆེས་འདུས་པའི་ས་ཁོངས་ཤིག་ཡིན་པས་ཆུ་ཆེན་གཙང་པོ་འཁོར་རྒྱུག་གི་ཐོག་མའི་ནུས་པ་ཐོན་བཞིན་ཡོད། ༼ཆོས་ལུགས་དད་མོས།༽ ཡུལ་ཤུལ་ནི་བོད་རིགས་འདུས་སྡོད་ཀྱི་དམངས་ཡོངས་ཆོས་ལ་དད་པའི་ས་ཆ་ཞིག་རེད། བོད་བརྒྱུད་ནང་བསྟན་དར་ནས་ད་བར་དུ་མི་ལོ་༨༠༠ལྷག་གི་ལོ་རྒྱུས་ཡོད། ཀྲུང་ཡོན་ནས་བོད་དུ་བསྐྱོད་པའི་ཐང་བྷོད་གནའ་ལམ་གྱི་ས་ཚིགས་སུ་ཡོད་པའི་སྟབས་ཀྱིས་བོད་བརྒྱུད་ནང་བསྟན་དགོན་པ་མང་བས་ཆོས་ལུགས་རིག་གནས་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་རེད། བཅིངས་འགྲོལ་ཡར་སྔོན་ནས་ཁུལ་ཡོངས་ཀྱི་ས་ཆ་ཁག་གི་དགོན་སྡེ་ནི་ས་གནས་དེའི་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་སྤེལ་གནས་ཤིག་ཡིན་པ་མ་ཚད། རིག་གནས་སློབ་གསོའི་ལྟེ་གནས་ཀྱང་རེད། དུས་ཡུན་རིང་པོ་བརྒྱུད་དེ་རྒྱུད་འཛིན་དང་དར་སྤེལ་ཡོང་བས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་སྤེལ་གནས་ཤིག་ཏུ་ཆགས་ཡོད། ལོ་རྒྱུས་ཀྱི་འགྲོ་རིམ་ཞིག་དང་། ས་ཁམས་ཀྱི་ཆ་རྐྱེན་ཞིག་དང་། རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་གཏིང་ཟབ་ཐེབས་པས་སེམས་ཁམས་དང། སྐད་ཆ། མཛེས་དཔྱོད། འཚོ་བ་དང་གོམས་སྲོལ་སོགས་ཀྱི་ཐད་ནས་བོད་ཁམས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་རེད། ད་ལྟ་ཁུལ་གྱི་ས་ཁོངས་སུ་བོད་བརྒྱུད་ནང་བསྟན་དགོན་པ་༡༩༢ཡོད། དེས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་པའི་སྤྱིའི་གྲངས་ཀའི་བརྒྱ་ཆ་ཉེར་དགུ་དང་ཆ་ཤས་གཉིས་དང་། ཡང་ཤས་གསུམ་ཟིན་ཡོད། ཆོས་བརྒྱུད་གཉིས་ཀྱིས་མཉམ་དུ་གཟིགས་པའི་དགོན་པ་བཅུ་གསུམ་དང་། ཆོས་བརྒྱུད་མི་གསལ་བའི་དགོན་པ་གཉིས་ལས། གཞན་པའི་དགོན་པ་༡༧༧ལས། ས་སྐྱའི་དགོན་པ་༢༢་ཡོད། དགེ་ལུགས་དགོན་པ་༢༣་ཡོད། རྙིང་མ་དགོན་པ་༣༡ཡོད། བཀའ་བརྒྱུད་དགོན་པ་༡༠༡ཡོད།

དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.