པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>གཉེན་སྟོན་ཡུལ་སྲོལ།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 གཉེན་སྟོན་ཡུལ་སྲོལ།

    བཅིངས་འགྲོལ་སྔོན་དུ། ཡུལ་ཤུལ་བོད་རིགས་གཉེན་སྒྲིག་ནི་ཕོ་གཅིག་མོ་གཅིག་གི་ལམ་ལུགས་གཙོ་བོར་ཡིན་པའི་དུས་མཚུངས་སུ་བོ་སྤུན་གཉིས་ཀྱིས་ཁྱོ་གཅིག་བསུ་བ་དང་། བུ་སྤུན་གཉིས་ཀྱིས་ཤུག་གཅིག་བསུ་བའི་ལུགས་སྲོལ་ཡང་ཡོད་མོད། འོན་ཏེ་ཁྱོ་གཅིག་ཤུག་མང་དང་ཤུག་གཅིག་ཁྱོ་མང་གི་རྣམ་པ་ཅུང་ཟད་ཉུང་། བོ་སྤུན་གཉིས་ཀྱི་ཕོ་གཅིག་བསུ་བ་དང་། བུ་སྤུན་གཉིས་ཀྱིས་ཤུག་གཅིག་བསུ་བ་སྣང་ཚུལ་ནི་མི་སེར་ཕལ་པའི་ཁྲོད་དུ་མང་། རྒྱུ་རྐྱེན་གཙོ་བོ་ནི་དབུལ་ཕོངས་ཁྱིམ་ཚང་གིས་ཁྲལ་གཡོལ་བ་དང་ཁྱིམ་ཚང་གི་རྒྱུ་རྫས་མང་པོར་བགོ་བཤའ་མི་དགོས་པ། ངལ་རྩོལ་སྟོབས་ཤུགས་ཕྱོགས་བཞིར་གྲམ་ཐོར་མི་འགྲོ་བའི་ཆེད་དུ་ཡིན། མི་སེར་ཁྲོད་ཀྱི་སྲོལ་རྒྱུན་གཉེན་སྒྲིག་ཕམ་མོ་ཆེ་ནི་ཕོ་མོ་གཉིས་རང་མོས་རང་འཐད་ཡིན། ཕོ་མོ་ཕན་ཚུན་སེམས་མཐུན་པ་ཡིན་ན་སོ་སོའི་ཕ་མས་བཀག་འགོག་ཆེན་པོ་བྱེད་མི་སྲིད། རྒྱུ་རྐྱེན་གཞན་པའི་དབང་གིས་གཉེན་སྒྲིག་བྱ་བ་ལ་འགལ་རྐྱེན་བཟོ་མཁན་ཡང་མི་ཉུང་བ་ཞིག་ཡོད། འོན་ཏེ་དེ་འདྲའི་རིགས་ཉུང་ཉུང་རེད། ཡུལ་ཤུལ་བོད་རིགས་ཀྱིས་ཤ་རུས་ཁྲག་གསུམ་གྱི་འབྲེལ་བ་ཡོད་མཁན་གྱི་ཉེ་འབྲེལ་བར་དུ་གཉེན་སྒྲིག་གཏན་ནས་བྱེད་སྲོལ་མེད། འཇིག་རྟེན་ཕོ་མོ་བར་དུ་ཤ་རུས་ཁྲག་གསུམ་གྱི་འབྲེལ་བ་ཆུང་ཆུང་ཞིག་ཡོད་ནའང་མཉམ་དུ་གཉེན་སྒྲིག་བྱས་ན་ཐན་བསྟན་པ་རེད་ཅེས་ཤིན་ཏུ་འཛེམ་དོགས་བྱེད་པ་རེད། བཅིང་འགྲོལ་ཚར་རྗེས་གཉེན་སྒྲིག་བཅའ་སྒྲིག་ཅེས་པའི་ཁྲིམས་སྲོལ་གཏན་དུ་ཕབ་ཕྱིན་ཡུལ་ཤུལ་བོད་རིགས་ཀྱི་གཉེན་སྒྲིག་ལམ་ལུགས་ཀྱང་ཁྲིམས་མཐུན་གྱི་ལམ་དུ་ཞུགས་པ་རེད། ཡུལ་ཤུལ་བོད་རིགས་ཀྱི་གཉེན་སྟོན་ལ་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཡུལ་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད། གཉེན་སྒྲིག་གི་བྱ་བ་དང་པོ་ལ་གྲྭ་བཙུན་གདན་དྲངས་ཏེ་རིམ་གྲོ་བྱེད་སྲོལ་ཡོད། དེ་རྗེས་རྩིས་བརྒྱབ་ཏེ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་ཞིག་ལ་དུས་ཚོད་གཏན་འཁེལ་གྱིས་གཉེན་བསུ་གཉེན་སྒྲིག་བྱེད། གཉེན་བསུ་སྐབས་སུ་ཆེས་གཙོ་ཆེ་བ་ནི་བུ་མོའི་ཞང་པོ་དང་མིང་པོ་རེད། གཉེན་བསུའི་དུས་སུ་ཡ་རབས་བསམ་པ་བཟང་ཞིང་། སྤྱོད་ལམ་ཐམས་ཅད་དགེ་བའི་ལམ་ལ་དཀྲི་བ། གཏམ་ཁ་ལྕེ་གཉིས་ལ་རང་དབང་ཐོབ་པའི་གཉེན་པོ་ཟེར་བ་གཉེན་གྱི་ཕོ་ཉ་ཞིག་ཀྱང་དགོས་པ་རེད། མནའ་མའི་རྟ་ཁ་ལེན་མཁན་ནི་རང་གི་མིང་པོ་ཡིན། གཉེན་སྒྲིག་དུས་སྟོན་ཐོག་ནས་གླུ་གཞས་ཞབས་བྲོའི་རྩེད་མོ་སྣ་ཚོགས་བྱེད་ཅིང་། བཀྲ་ཤིས་གཉེན་སྟོན་ཁ་རུ་ཞུགས་པའི་མགྲོན་པོ་ཐམས་ཅད་ཀྱིས་ཀྱང་དགའ་སྐྱིད་ཀྱི་རྩེད་མོ་ལ་རོལ་ནས་མཐར་ཕན་ཚུན་གཞིས་བྱེས་ལམ་གསུམ་ཚང་མའི་ཚེ་ལ་བར་ཆད་མེད་པ་དང་། བསམ་པ་ཆོས་ལ་འགྲོ་བ། སེམས་རྩ་སྐྱིད་ཀྱིས་གང་བའི་བཀྲ་ཤིས་རྟེན་འབྲེལ་ཞུས་ནས་གཉེན་སྟོན་གྲོལ་འགྲོ་བ་རེད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.