པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
མདུན་གྱི་གནས།:ངོས་དང་པོ།>ཆུ་བོ་དང་མཚོ་མོ།
 ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
      ས་བབ་དང་ས་ངོས།
      རི་དང་རི་རྩེ།
      ཆུ་བོ་དང་མཚོ་མོ།
      གནམ་གཤིས།
      རང་བྱུང་ཐོན་ཁུངས།
      རྒྱུ་རྫས་ཐོན་ཁུངས།
      སྲིད་འཛིན་ཆོལ་ཁ།
      མི་གྲངས་དང་མི་རིགས།
 
  ཆུ་བོ་དང་མཚོ་མོ།
༼འབབ་ཆུ་གཙོ་བོ།༽ 】ཡུལ་ཤུལ་ཁུལ་གྱི་ས་ཁོངས་ཀྱི་འབབ་ཆུ་ལ་ནང་འབབ་དང་ཕྱི་འབབ་གཉིས་སུ་དབྱེ་ཆོག །ནང་འབབ་ནི་གཙོ་བོ་ནུབ་བྱང་ས་ཁུལ་དུ་ཡོད། ནང་སྙིང་དུ་འབབ་པའི་ཆུ་རིགས་ཡིན། འབབ་ཐག་ཐུང་ཞིང་འབབ་ཕྱོགས་ནང་སའི་མཚོ་མཚེའུ་རེད། ཕྱི་འབབ་ལ་འབྲི་ཆུ་དང་། རྨ་ཆུ། ཟླ་ཆུ་གསུམ་གྱི་ཆུ་ཆེན་གསུམ་གྱི་ཁོངས་གཏོགས་དེ་རིགས་ཡིན། འབབ་ཁོངས་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༣༧༩༦༠.༧ཡིན། འབྲི་ཆུའི་ཆུ་ཁོངས་ཀྱི་འབབ་ཆུ་ལ་གནམ་ཆུ་དང་། སྨར་ཆུ། འདམ་ཆུ། འབྲི་ཆུ། ཀར་ཆུ། དུང་ཆུ། ཆུ་དམར་ཆུ། རག་པའི་ཆུ། སྨུག་ཆུ། གཡག་ཆུ། པེ་རོང་ཆུ། ཁོད་ཆེམ་ཆུ། སེ་བོ་ཆུ། ནས་ཆབ་ཆུ་བོ། ཏིང་ངུ་ཆུ། བདེ་ཆུ། ཤིས་ཆུ། གཡི་ཆུ། བྱ་ཆུ། རྫ་ཆུ་བཅས་ཡིན། རྨ་ཆུའི་ཆུ་ཁོངས་སུ་ཡག་གི་སླང་ངེ་གཞུང་ཆུ། རྫ་ཆུ། མཁར་ཆུ། མཁར་ཆུ་ནུབ་ངོས་ཆུ་ལག །རྡོ་ཆུ་བཅས་ཡིན། ཟླ་ཆུའི་ཆུ་ཁོངས་སུ་ཟླ་ཆུ་དང་། རྩི་ཆུ། ལྕི་ཆུ། སྤུག་ཆུ། ར་ཆུ། ངོམ་ཆུ། བྲག་དཀར་ཆུ། དཀར་ཆུ། བུར་སྡོམ་ཆུ། མཚོ་ཆུ་བཅས་ཡིན། ནང་འབབ་ཆུ་ཁོངས་སུ་འབབ་ཆུ་གཙོ་བོ་ལ་རྩིང་བཟང་ཆུ་དང་། ཆུ་ཆབ་གཙང་པོ། ཟོག་རྒྱུག་ཆུ་བོ། ཁོ་གསེབ་ཆུ་བོ་བཅས་ཡིན།
༼མཚེའུ།༽】ཡུལ་ཤུལ་ཁུལ་གྱི་ས་ཁོངས་སུ་མཚེའུ་མང་པོ་ཡོད། ཁུལ་ཡོངས་ནས་མཚེའུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་ཡན་ཡོད་པའི་བུར་ཆུ་དང་། ཚྭ་མེད་མཚེའུ་༢༨༧ཡོད། དེ་ནང་དུ་རྨ་ཆུའི་ཆུ་ཁོངས་ཀྱི་འབབ་ཆུ་འདུས་མེད། མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༥༣༡.༣༤ཡོད། 
༼འཁྱག་རི།༽】རང་སྐྱོང་ཁུལ་ནི་གྲང་ངར་ཆེ་སའི་ས་ཁུལ་དུ་གནས་པས་ནུབ་བྱང་གཉིས་ལ་དེང་གི་འཁྱག་རི་མང་པོས་བཀབ་ཡོད་པས་འཁྱག་མཛོད་ཆེན་པོ་ཞིག་གྲུབ་ཡོད། འདི་ནི་ཆུ་ཆེན་གཙང་པོ་དག་གི་མགོ་ཁུངས་དང་གྲུབ་ཆ་གཙོ་བོ་ཞིག་ཏུ་ཆགས་ཡོད། ཡུལ་ཤུལ་ཁུལ་གྱི་འཁྱག་རི་ཡིག་ཆའི་ཐོ་འགོད་ལྟར་ན་དེང་གི་འཁྱག་རིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༤༢༩.༧༢ཡོད། འཁྱག་རི་འདུས་ཚད་ལ་སྨི་ལྷམ་པ་དུང་ཕྱུར་༡༨༨༩༩.༩ཡོད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.