པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
རྒྱུ་མཚན་ཆེ་པོ་བཅུ།
མདུན་གྱི་གནས།:ངོས་དང་པོ།>གེ་སར་རིག་གནས་ཡུལ་ཤུལ་གནས་སུ་གྲགས།
 གཟིགས་ཡུལ་ཆེ་ཁག་བཅུ།
      རབ་མཛེས་མཚོ་སྔོན་ཡུལ་ཤུལ་གནས་སུ་མཛེས།
      ཆུ་གསུམ་ཆུ་མགོ་ཡུལ་ཤུལ་གནས་སུ་ཡོད།
      གནས་མཆོག་ཇོ་བོ་ཡུལ་ཤུལ་གནས་སུ་བརྗིད།
      རྒྱ་ནག་མ་ནི་ཡུལ་ཤུལ་གནས་སུ་བཞེངས།
      ཁུ་ནུ་རི་བོ་ཡུལ་ཤུལ་གནས་སུ་འགྱིང་།
      གེ་སར་རིག་གནས་ཡུལ་ཤུལ་གནས་སུ་གྲགས།
      གྲུབ་མཐའ་རྣམ་བཞི་ཡུལ་ཤུལ་གནས་སུ་དར།
      ཁམས་པའི་རིག་གནས་ཡུལ་ཤུལ་གནས་སུ་འཚེར།
      ཐང་བོད་གནའ་ལམ་ཡུལ་ཤུལ་གནས་སུ་འཐེན།
      ཨ་ཆེན་བྱང་རྒྱབ་ཡུལ་ཤུལ་གནས་སུ་མཆིས།
 
 གེ་སར་རིག་གནས་ཡུལ་ཤུལ་གནས་སུ་གྲགས།

གེ་སར་རྒྱལ་པོ་དང་ཡུལ་ཤུལ་བར་དུ་འབྲེལ་བ་ཅི་འདྲ་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་སམ། བཤད་སྲོལ་ལྟར་ན། གེ་སར་སི་ཁྲོན་སྡེ་དགེ་ཨ་ཕྱུག་ཡུལ་དུ་སྐུ་འཁྲུངས། སྔར་མཚོ་སྔོན་ས་ཁོངས་རྨ་སྨད་ཡུལ་དུ་ལོ་མང་འཚོ་བ་བསྐྱལ་ནས་བསྡད། ཁོང་གི་ཚོ་པ་འདི་རུ་ཡོད། སྙན་ངག་གི་རྩོམ་པ་པོ་རྣམས་ཀྱིས་གེ་སར་རྒྱལ་པོ་ལ་ཐུན་མོང་མ་ཡིན་པའི་རང་གཤིས་ཤིག་དང་། འགྲན་ཟླ་མེད་པའི་འཇོན་ཐང་ཞིག་ཡོད་པར་བྱས། ཁོང་ནི་ལྷ་ཀླུ་གཉན་གསུམ་མཉམ་དུ་འདུས་པའི་མི་ཕྱེད་ལྷ་ཕྱེད་ཀྱི་དཔའ་བོ་ཞིག་ཏུ་བསྐྲུན་ཡོད། གེ་སར་མི་ཡུལ་དུ་འཁྲུངས་པ་ནས་བཟུང་། རྐྱེན་ངན་བར་ཆད་མང་པོ་ཞིག་དང་འཕྲད་ཀྱང་། ཁོང་རང་ཉིད་ཀྱི་སྟོབས་ཤུགས་དང་། དགྲ་ལྷ་ཝེར་མ་ཚོགས་ཀྱིས་སྲུང་སྐྱོབ་གནང་བས་སྐུ་སྲོག་ལ་གནོད་པ་མ་བྱུང་བ་མ་ཚད། འགྲོ་བ་མིའི་རིགས་ལ་གནོད་བསྐྱལ་བའི་གདོན་བགེགས་བདུད་འདྲེ་དག་ཐལ་བའི་རྡུལ་དུ་བརླགས་ནས་མི་ཡུལ་དུ་བདེ་སྐྱིད་དཔལ་ཡོན་བསྐྲུན། དགུང་ལོ་ལྔ་ཡི་ཐོག་ནས་གེ་སར་དང་མ་འགོག་མོ་རྨ་སྨད་སུམ་མདོ་རུ་བསྡད་ཅིང་། དགུང་ལོ་བརྒྱད་སྟེང་ནས་གླིང་གི་ཚོ་པའང་གནས་དེ་རུ་སྤོས། དགུང་ལོ་བཅུ་གཉིས་ཐོག་ནས་གེ་སར་རྒྱལ་པོས་ཡུལ་ཤུལ་ཆུ་དམར་ལེབ་གུ་ར་རྫ་ནས་རྟ་རྒྱུགས་ཏེ་གླིང་གི་རྒྱལ་པོའི་ཁྲི་ལ་བཞུགས་པས། དུས་དེ་ནས་བཟུང་གེ་སར་རྒྱལ་པོ་ཞེས་པའི་མཚན་སྙན་ཆགས་པ་རེད། གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ནས་ཆེས་རིང་བའི་དཔའ་བོའི་སྒྲུང་རིང་ཞིག་རེད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.