པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>དམངས་་སྲོལ་དུས་ཆེན།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 དམངས་་སྲོལ་དུས་ཆེན།

       བོད་མི་རྣམས་རྟ་ལ་ཤིན་ཏུ་དགའ་བ་མ་ཚད། རྟ་རྒྱུག་ལ་དེ་བས་ཀྱང་དགའ་བ་རེད། བོད་རིགས་ལྷ་སྒྲུང་ནང་གི་ལྷ་ཚང་མ་རྟ་དཀར་པོ་ཞིག་གི་གཏམ་རྒྱུད་ཚུལ་དུ་ཡོང་གིན་ཡོད། རྟ་རྒྱུག་གི་རྒྱལ་ཁ་ཐོབ་ནས་རྒྱལ་པོར་ཕེབས་པའི་གེ་སར་ནི་བོད་རིགས་མང་ཚོགས་སེམས་ནང་གི་གཟི་བྱིན་འབར་བའི་སྐྱེས་མཆོག་ཡིད་སྨོན་ཤོར་ས་ཞིག་རེད། ཡུལ་ཤུལ་ས་ཁུལ་ནས་རྟ་རྒྱུག་ནི་སྲོལ་རྒྱུན་དུས་སྟོན་ཁྲོད་ཀྱི་རྩེད་མོ་མེད་དུ་མི་རུང་བ་ཞིག་ཡིན། རྟ་རྒྱུག་གི་ལོ་རྒྱུས་ནི་བོད་བཙན་པོ་རྒྱལ་རབས་བར་དུ་ཡར་ཁུངས་འདེད་ཆོག་པས། ད་བར་དུ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད། ད་ལྟ་ཡུལ་ཤུལ་ས་ཁུལ་ནས་རི་བསྟོད་ཀླུ་གསོལ་དང་། མགྲོན་ཆེན་དགའ་བསུ། བཀྲ་ཤིས་གཉེན་སྟོན་སོགས་དུས་ཆེན་དགའ་སྟོན་ཁ་རུ་རྟ་རྒྱུག་པ་ནི་ཡུལ་སྲོལ་ཁྱད་པར་ཅན་ཞིག་ཏུ་གྲུབ་ཟིན། སྲོལ་རྒྱུན་གྱི་ཡུལ་ཤུལ་རྟ་རྒྱུག་ནི་ལོ་རེའི་སྤྱི་ཟླ་བདུན་པའི་ཟླ་སྨད་དང་སྤྱི་ཟླ་བརྒྱད་པའི་ཟླ་མགོ་ཙམ་ལ་བྱ་ཤུལ་ཁོག་ནས་ཚེས། རྟ་རྒྱུག་དུས་ཆེན་དེ་ལྷ་བསང་གཏོང་བའི་ཁྲོད་ནས་མགོ་རྩོམ། དེ་ནས་དགོན་པའི་འཆམ་སྟབས་བདེ་དང་སེར་ཕྲེང་སྒྲིག་པ། ཞབས་བྲོ་འཁྲབ་པ། རྟ་པ་བཅས་དུས་ཆེན་མགོ་བཙུགས་མཛད་སྒོ་ཐོག་ཏུ་རིམ་བཞིན་ཞུགས། རྟ་རྒྱུག་དུས་ཆེན་གྱི་རིག་རྩལ་ནང་དོན་ལ་བོའུ་རྒྱུག་དང་། མདའ་འཕེན། རྟ་ཐོག་དར་ལེན། རྟ་ཐོག་སྒ་འགྱུར་སོགས་རྟ་རྩེད་བྱེད། གཞན་ད་དུང་བང་རྒྱུག་དང་། གོམ་གཤིབ། སྣ་ལོ་རྒྱུག་པ། རྣམ་པ་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཞབས་བྲོ་འཁྲབ་སྟོན། གོས་ངོམ་དང་དགོན་པའི་འཆམ་སོགས་ཡོད། ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་གཟབ་རྒྱས་ཆེ་བའི་དུས་སྟོན་ཞིག་རེད་ལ། ཡུལ་ཤུལ་ས་ཁུལ་ཡུལ་སྲོལ་རིག་གནས་འགྲེམ་སྟོན་དང་། ཞིང་འབྲོག་མང་ཚོགས་ཐད་ཀར་རིག་གནས་རོལ་རྩེད་བྱ་འགུལ་ཁྲོད་དུ་ཞུགས་པ་ཡིན་པས། ལོ་རྒྱུས་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། མི་རིགས་ཀྱི་ཡུལ་སྲོལ་རིག་གནས་ཁྱད་ཆོས་འཛོམས་པ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ཕྱི་ནང་ཀུན་ན་སྐད་གྲགས་ཆེན་པོ་ཡོད། ཡུལ་ཤུལ་གྱི་རྟ་རྒྱུག་དུས་ཆེན་ནི་ལྷ་སྒྲུང་ལས་མཆེད་པ་ཞིག་ཡིན་མོད། འོན་ཏེ་རིག་རྩལ་དུས་ཆེན་གྱི་ནང་དོན་དང་མཚོན་སྟངས་ཀྱི་རྣམ་པ་ནི་ཐད་ཀར་ཡུལ་ཤུལ་ཡུལ་སྲོལ་དང་འབྲེལ་ཞིང་། ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་ཐད་ཀར་འབྲེལ་བའང་ཡོད། འདི་ཡང་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་བཤད་ན། གཅིག་ནི་བོད་རིགས་ཀྱི་ཆོས་ལུགས་འདུ་ཤེས་དང་འབྲེལ་བ་ཟབ་མོ་ཡོད། ལྷག་ཏུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བརྟེན་པའི་རིག་གནས་དེ་བོད་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། ཚད་གཞི་མཐོན་པོ་ཞིག་གི་ཐོག་ནས་བཤད་ན་བོད་བརྒྱུད་ནང་བསྟན་གྱིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། ཉིན་རྒྱུན་གྱི་འཚོ་བ་ལ་ཤུགས་རྐྱེན་བསམ་ཡུལ་ལས་འདས་པ་ཞིག་ཐེབས་ཡོད། རྟ་མ་རྒྱུག་པའི་ཡར་སྔོན་དུ་ཐོག་མར་ལྷ་བསང་གཏོང་བ་དང་། རྩ་གསུམ་ལྷ་ཚོགས་ལ་གསོལ་འདེབས་སྨོན་ལམ་བྱེད། ཡུལ་སྲོལ་གོམས་གཤིས་ནི་རྟ་རྒྱུག་དུས་ཆེན་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཐད་ཀར་ཕྱི་རུ་མཚོན་པའི་རྣམ་པ་ཞིག་རེད། གཉིས་ནི་དཔའ་བོ་ལ་གུས་སྨོན་བྱེད་པ་རེད། ཡུལ་ཤུལ་རྟ་རྒྱུག་ནི་གེ་སར་དམག་ལ་བྱོན་ཁར་རྟ་རྒྱུག་མདའ་འཕེན་བྱེད་པའི་སྲོལ་ལས་རིམ་བཞིན་དར་བ་རེད། གེ་སར་ནི་གངས་ལྗོངས་དག་པའི་ཞིང་དུ་སྐུ་འཁྲུངས་ཤིང་། ཁོང་གིས་ཕྱི་དགྲ་འགོག་ཅིང་ནང་སྡེ་བདེ་རུ་བཀོད་དེ་གླིང་གི་རྒྱལ་ཁབ་བཙུགས་ཏེ། མི་རིགས་གཅིག་གྱུར་ཡོང་བར་མཛད་རྗེས་རྒྱ་ཆེར་བཞག་ཡོད། གེ་སར་རང་ཉིད་ཀྱང་རྟ་རྒྱུག་སྟེ་རྒྱལ་ཁ་འཐོབ་ནས་མང་ཚོགས་ཀྱིས་གཙུག་ཏུ་བཀུར། དེས་ན་སྟོབས་ཤུགས་དང་། དཔའ་སྙིང་། བློ་གྲོས་བཅས་ནི་ཡུལ་ཤུལ་པས་སྐྱེས་པ་ཕོ་ལ་འཛོམས་དགོས་པའི་ཡོན་ཏན་ནམ་སྐྱེས་པའི་རིན་ཐང་ཞིག་ཏུ་བརྩི། ཡུལ་སྲོལ་རིག་གནས་འདི་ནི་བོད་མི་ཁྲོད་དུ་རྩ་བ་ས་ལ་ཟུག་པས། རྟ་རྒྱུག་གི་ཁྲོད་དུའང་རིག་གནས་འདི་མངོན་པས། ཡུལ་ཤུལ་པ་རྣམས་དཔའ་སྙིང་ཆེ་ཞིང་། ལུས་སྟོབས་རྒྱས་པའི་རང་གཤིས་ཟོལ་མེད་ཅིག་ངང་གིས་གྲུབ་ཡོད། གསུམ་ནི་ས་ཁུལ་རང་གི་བོད་རིགས་མི་དམངས་ཀྱི་ཕྱིའི་དངོས་པོ་མཁོ་སྒྲུབ་དང་ནང་བསམ་པའི་རེ་འདུན་གཉིས་གཞི་གཅིག་ཏུ་འདྲེས། ཡུལ་ཤུལ་གྱི་ཁྱད་པར་ཅན་གྱི་རང་བྱུང་ཁོར་ཡུག་ཅིག་གི་དབང་གིས་སྔར་ནས་འབྲོག་ལས་ལ་བརྟེན་ནས་འཚོ་བ་བསྐྱལ། ས་རྒྱ་ཆེ་ཞིང་རུ་སྡེ་ཁ་ཐོར་དུ་བསྡད་ཡོད་སྟབས་ཕྱུགས་འཚོ་བ་དང་། རྒྱང་དུ་འགྲོ་བ། གཉེན་སྒྲིག་ཕར་སྐྱེལ་ཚུར་བསུ་སོགས་ལས་ཀ་ཀུན་ལ་རྟ་ཕོ་མིག་དང་འདྲ་བ་དེ་ཞོན་ནས་འགྲོ་དགོས། རྟ་ལ་དགའ་བ་ནི་བོད་མིའི་རང་གཤིས་ཤིག་ཡིན། རྟ་རྒྱུག་ནི་ལྷག་ཏུ་ཡུལ་ཤུལ་བོད་རིགས་ཞིང་འབྲོག་མང་ཚོགས་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་རོལ་རྩེད་མེད་དུ་མི་རུང་བ་ཞིག་རེད། ཡུལ་ཤུལ་གྱི་ཡུལ་ཀ་ག་སར་གང་དུ་ནམ་ཟླ་དྲོ་བའི་དུས་སུ་རྟ་རྒྱུག་འགྲན་བསྡུར་ཡོད་པ་མ་ཚད། དུས་ཆེན་སྟོན་མོ་མང་པོ་ཞིག་ལ་རྟ་རྒྱུག་རྒྱུ་ནི་དུས་ཆེན་དེའི་གཙོ་ཕལ་གང་རུང་ཞིག་གི་ཚུལ་དུ་ཡོད། ཡུལ་ཤུལ་ས་ཆ་ནས་དུས་སྟོན་ཆེ་གྲལ་ཞིག་ཡིན་ན་རྟ་རྒྱུག་ནི་མེད་དུ་མི་རུང་བའི་ནང་དོན་ཞིག་རེད་ཅེས་བཤད་ཆོག །འདི་ནི་ཡུལ་ཤུལ་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཞིག་རེད། རྟ་རྒྱུག་པ་ནི་གནའ་ནས་ད་བར་དུ་བོད་རིགས་མང་ཚོགས་ཀྱི་ཆེས་ཡུན་རིང་བ་དང་། ཆེས་ཁྱབ་བརྡལ་དུ་སོང་བའི་རྩེད་རིགས་བྱ་འགུལ་ཞིག་དང་། ཡུལ་ཤུལ་ས་ཁུལ་ཡུལ་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། ཡུལ་ཤུལ་རྟ་རྒྱུག་དུས་ཆེན་གྱི་རྩེད་རིགས་ནང་དོན་གཞན་ཞིག་ནི་གཞས་དང་། བྲོ། རས་པ་སོགས་དམངས་ཁྲོད་ཀྱི་གླུ་གཞས་བྲོ་གསུམ་ཡིན། དམངས་ཁྲོད་གཞས་བྲོ་འདི་དག་ལ་ལོ་ངོ་སྟོང་ཕྲག་ལྷག་གི་རྒྱུད་འཛིན་དང་དར་སྤེལ་གྱི་ལོ་རྒྱུས་ཡོད། དུས་དེང་སང་ཡང་ཡུལ་ཤུལ་ས་ཆ་ཁག་གི་མང་ཚོགས་འཚོ་བའི་ཁྲོད་དུ་གདོད་མའི་རྣམ་པའི་ཞབས་བྲོ་ཁྱད་ཆོས་དེ་དག་མ་ཉམས་པར་བསྡད་ཡོད། འཁྲབ་སྟོན་གྱི་རྣམ་པ་དང་། ཁྱད་ཆོས། ནང་དོན་སོགས་ལས་འཕྲོས་པའི་རིག་གནས་ནང་དོན་ལ་མི་རིགས་ལོ་རྒྱུས་དང་། ཆོས་ལུགས་དད་མོས། ཐོན་སྐྱེད་བྱེད་ཐབས། ཡུལ་སྲོལ་གོམས་གཤིས། ཀུན་སྤྱོད་བསམ་བློ། མཛེས་དཔྱོད་ལྟ་སྟངས་སོགས་ཕྱོགས་ཡོངས་དང་འབྲེལ་བ་དམ་པོ་ཡོད། ཡུལ་ཤུལ་དམངས་ཁྲོད་ཞབས་བྲོ་ནི་མཐོ་སྒང་འབྲོག་པའི་མི་རིགས་དང་། སྤྱི་ཚོགས། རིག་གནས་སོགས་མཉམ་དུ་འདུས་པའི་མུ་ཏིག་ཅིག་ཡིན། གར་སྟབས་དང་། ཉམས་འགྱུར། དལ་མགྱོགས། ལུས་ཚུགས་ཚང་མས་དམིགས་བསལ་གྱི་ས་ཁོངས་ཤིག་གི་མི་རིགས་ཁྱད་ཆོས་མངོན། རྟ་རྒྱུག་དུས་ཆེན་ནི་རིག་གནས་མཚོན་སྟངས་ཤིག་ཡིན་པས་བོད་རིགས་མང་ཚོགས་ཀྱི་མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ། སྐྱེ་འཇིག་གི་ལྟ་བ་ཚང་མ་འདི་རུ་མངོན་པས་ས་ཁུལ་རང་གི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་འགྲོ་སྟངས་ཐད་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད། འདི་ལ་ཁོག་ཡངས་ཀྱི་རང་བཞིན་ཆེས་ཆེར་ལྡན་པས་རྟ་རྒྱུག་གི་རྣམ་པ་ལ་བརྟེན་ནས་མི་རིགས་ཀྱི་མཐུན་སྒྲིལ་ཇེ་ཟབ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་ཇེ་དགའ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཇེ་ཐུབ་ཡོང་གིན་ཡོད། རྟ་རྒྱུག་དུས་ཆེན་ནི་རྟ་རྒྱུག་པ་ལ་བརྟེན་ནས་རྟའི་རིག་གནས་ཕྱིར་མཚོན་བྱེད་རྒྱུ་རེད། འོན་ཏེ་འདི་ནི་དངོས་རྫས་རིག་གནས་ཀྱི་མཚོན་སྟངས་ལྟ་བུ་ཁུངས་ལུང་ཞིག་ལ་བརྟེན་ཐབས་མེད་པས་དངོས་སུ་ཁ་ཡིས་བཤད། སེམས་ཀྱིས་ཁྲིད། ལུས་ཀྱིས་བསླབ་དགོས་པ་ཞིག་རེད། རྟ་རྩལ་ཡག་པོ་ཡོད་མཁན་འགའ་ཞིག་འདས་གྲོངས་ཤོར་རྗེས་ལས་ཚན་འགའ་ཞིག་ལ་རྒྱུད་འཛིན་བྱེད་མཁན་མེད་པར་ཁ་སང་གི་གཏམ་རྒྱུད་ཙམ་དང་། དེ་རིང་གི་ནོངས་འགྱོད་ཙམ་དུ་གྱུར་ནས་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོ་ནང་དུ་གོ་མེད་ཚོར་མེད་དུ་ཤོར་འགྲོ་གིན་འདུག །མིག་སྔར་ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ལ་དཀའ་ངལ་འདི་འདྲ་ཞིག་ཐུག་ཡོད། གཅིག་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དང་། གྲོང་ཁྱེར་ཅན་དུ་འགྱུར་ཚད་མགྱོགས་པོར་སོང་སྟབས། རླངས་འཁོར་རིགས་ཀྱིས་རྟ་ཚབ་བྱས་ཏེ་མང་ཚོགས་ཀྱིས་རྟ་ཚགས་མཁན་ཉུང་དུ་སོང་། གཉིས་ནི་རྟ་རྩལ་ཡག་པོ་ཡོད་མཁན་དང་། ཞབས་བྲོ་ཡག་པོ འཁྲབ་མཁན་དེདག་རིམ་བཞིན་ལོ་རྒས་པ་དང་འདས་གྲོངས་ཤོར་བས་རྗེས་རབས་པས་རྒྱུད་འཛིན་བྱེད་ས་མེད་པར་གྱུར། གསུམ་ནི་དེང་རབས་རིག་གནས་དཔལ་ཡོན་གྱི་དར་ཁྱབ་ཀྱིས་ཡུལ་ཤུལ་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་དམིགས་བསལ་ཅན་རྟ་རྒྱུག་དང་དམངས་ཁྲོད་ཞབས་བྲོ་ལ་ནང་དོན་དང་རྣམ་ཀ་གཉིས་ཀའི་ཐད་ནས་འགྱུར་བ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.