པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
རྒྱུ་མཚན་ཆེ་པོ་བཅུ།
མདུན་གྱི་གནས།:ངོས་དང་པོ།>ཐང་བོད་གནའ་ལམ་ཡུལ་ཤུལ་གནས་སུ་འཐེན།
 གཟིགས་ཡུལ་ཆེ་ཁག་བཅུ།
      རབ་མཛེས་མཚོ་སྔོན་ཡུལ་ཤུལ་གནས་སུ་མཛེས།
      ཆུ་གསུམ་ཆུ་མགོ་ཡུལ་ཤུལ་གནས་སུ་ཡོད།
      གནས་མཆོག་ཇོ་བོ་ཡུལ་ཤུལ་གནས་སུ་བརྗིད།
      རྒྱ་ནག་མ་ནི་ཡུལ་ཤུལ་གནས་སུ་བཞེངས།
      ཁུ་ནུ་རི་བོ་ཡུལ་ཤུལ་གནས་སུ་འགྱིང་།
      གེ་སར་རིག་གནས་ཡུལ་ཤུལ་གནས་སུ་གྲགས།
      གྲུབ་མཐའ་རྣམ་བཞི་ཡུལ་ཤུལ་གནས་སུ་དར།
      ཁམས་པའི་རིག་གནས་ཡུལ་ཤུལ་གནས་སུ་འཚེར།
      ཐང་བོད་གནའ་ལམ་ཡུལ་ཤུལ་གནས་སུ་འཐེན།
      ཨ་ཆེན་བྱང་རྒྱབ་ཡུལ་ཤུལ་གནས་སུ་མཆིས།
 
 ཐང་བོད་གནའ་ལམ་ཡུལ་ཤུལ་གནས་སུ་འཐེན།

ཐང་བྷོད་གནའ་ལམ་ནི་རང་རྒྱལ་གནའ་སྔ་མོའི་ལོ་རྒྱུས་ལས་སྐད་གྲགས་ཆེ་བའི་འགྲིམ་འགྲུལ་ལམ་ཆེན་ཞིག་རེད་ལ། ཐང་རྒྱལ་རབས་ནས་བཟུང་ཀྲུང་ཡོན་ས་ཁུལ་ཧྲིན་ཤིས་ཤིས་ཨན་ནས། ཀན་སུའུ་ཐོན་ཧྲེས་དང་། མཚོ་སྔོན་ཡུལ་ཤུལ་གྱི་སྡོམ་མདའ། འབྲི་ཆུ་གྲུ་བུད་མདའ། སྐྱེ་རྒུ་དཔལ་ཐང་། རྩི་ཆུ་རྒྱུད་ནས་རྫ་སྟོད་ནས་འདམ་ཆུ་དང་གདང་ལ་བརྒྱབ་ཏེ། གཉན་རོང་དང་ནག་ཆུ་བརྒྱུད་དེ་མཐའ་མར་བོད་ཀྱི་ལྷ་ས་ལ་སླེབས་པ་རེད། བལ་ཡུལ་དང་། རྒྱ་གར་སོགས་སུ་འགྲོ་སའི་ལམ་ཞིག་ཀྱང་རེད། ལམ་ཐག་ཁྱོན་ལ་སྤྱི་ལེ་སུམ་སྟོང་ལྷག་ཡོད་པ་རེད། གནའ་ལམ་འདིས་ཀྲུང་གོའི་ནུབ་བརྒྱུད་སྦྲེལ་ཞིང་འཛམ་གླིང་གི་ཡང་རྩེ་འདི་བརྒལ་ཏེ། རང་རྒྱལ་ནུབ་ལྷོ་གཉིས་མཛའ་མཐུན་གྱིས་སྦྲེལ་བས་སྔ་མོ་ནས་དར་ཟབ་ལྷོ་ལམ་ཞེས་པའི་མིང་དུ་གྲགས། དུས་རབས་བདུན་པའི་དུས་དཀྱིལ་དུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཀྲུང་ཡོན་རྒྱ་རིགས་ཀྱི་རིག་གནས་ནང་འདྲེན་དང་། ཐང་རྒྱལ་རབས་དང་འབྲེལ་བ་བཙུགས་པར་ལ་སྤྱི་ལོ་༦༣༤ལོར། སྲོང་བཙན་སྒམ་པོས་བློན་ཆེན་མགར་སྟོང་བཙན་རྒྱ་ནག་ཁྲོན་ཨན་དུ་མངགས་ཏེ། རྒྱ་རྗེ་ཐང་ཐེ་ཙུང་ལིས་ཧྲི་མན་ལ་གཉེན་སློང་མཛད། སྤྱི་ལོ་༦༤༡ལོར། ཐང་ཐེ་ཙུང་གིས་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་མནའ་མ་བྱིན། འུན་ཤིང་ཀོང་ཇོ་བོད་དུ་བསྐྱོད་པའི་ལམ་བར་ནས་བོད་རྒྱ་མི་རིགས་གཉིས་ལ་མཛའ་བརྩེའི་གཏམ་རྒྱུད་བསྐྲུན་ཏེ། ཐང་བྷོད་གནའ་ལམ་ཞེས་པའི་ལོ་རྒྱུས་ལས་དོན་སྙིང་གལ་ཆེན་ལྡན་པའི་གླེགས་བམ་གྱི་ལེ་ཚན་ཞིག་གསར་དུ་བྲིས། དེ་རྗེས། སྤྱི་ལོ་༧༠༩ཐབ་ཀྲོང་ཙུང་ཅིན་ལུང་ལོ་གསུམ་པར། བོད་ཀྱིས་གདན་དྲངས་པ་ལྟར་དུ་ཐང་རྒྱལ་གྱིས་ཅིན་ཁྲིན་ཀོང་ཇོ་བོད་དུ་མནའ་མར་བྱིན། དོན་འདི་ནི་འུན་ཤིང་ཀོང་ཇོ་རྗེས་ཀྱི་ཐང་བྷོད་གཉིས་བར་གྱི་དགའ་སྟོན་གྱི་བྱ་བ་ཆེན་པོ་ཞིག་རེད། དེ་ནས་བཟུང་ཐང་བོད་བར་དུ་འགྲོ་འོང་རྒྱུན་མ་ཆད་ཅིང་། ཚོང་གཉེར་བྱ་བ་སྣ་མང་ཕུན་སུམ་ཚོགས་པོ་བྱུང་། ཐང་བྷོད་གནའ་ལམ་ལ་སྔར་ལས་གསོན་ཉམས་དོད་ཅིང་། སླུངས་ཚང་དག་ནི་གང་སར་བཙུགས་ཏེ་ཚོང་ལས་དང་། སྲིད་དོན་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་། ད་བར་དུ་གནའ་ལམ་འདི་རུ་མེས་པོ་ཚོས་བཞེངས་སྐྲུན་བྱས་པའི་སླུངས་ཚང་དང་། མཁར་གྲོང་། གྲོང་སྡེ། གནའ་དགོན་སོགས་ཇི་སྙེད་ཅིག་ཡོད་ལ། མི་རབས་ནས་མི་རབས་བྱས་ཏེ་ངོ་མཚར་འོད་སྟོང་འབར་བའི་ཤེས་རིག་གི་གཟི་བྱིན་འབར་ཞིང་། བོད་རྒྱ་མི་རིགས་གཉིས་དབར་གྱི་ཉམས་པ་མེད་པའི་མཛའ་མཐུན་གྱི་གཏམ་རྒྱུད་སྙན་འཆད་ཀྱིན་ཡོད་པ་རེད།

དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.