པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>བོད་ལུགས་ཀྱི་སྡོད་ཁང་།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 བོད་ལུགས་ཀྱི་སྡོད་ཁང་།

   ཡུལ་ཤུལ་འབྲོག་ཁུལ་གྱི་འབྲོག་དམངས་ཕལ་ཆེར་བ་རྣམས་སྦྲ་གུར་དང་། ཉུང་ཤོས་ཤིག་དགུན་དུས་ཁང་པ་ནང་དུ་བསྡད། ཞིང་སྡེ་དང་སྡེ་གྲོང་ཕལ་མོ་ཆེ་ནི་ཁང་པ་ནང་དུ་སྡོད་ཡོད། ནོར་གནག་གི་སྤུ་རྩིད་ལས་བཟོས་པའི་སྡོད་ས་ལ་སྦྲའམ་སྦ་ཟེར། དེ་ནི་སྤྱོད་ཡུན་རིང་ལ་སྲ་ཆ་ཆེ། ཁུར་སྟབས་བདེ་ལ་དྲོད་འཁོལ་སྲུང་། ཆར་ཆུ་ཁོག་ལ་གནོད་འབུ་མི་ཞུགས། རྩྭ་ཆུ་སྙེག་ནས་འགྲོ་བའི་འབྲོག་མི་ལ་ཤིན་ཏུ་འཚམ་པོ་ཡོད། འབྲོག་མིས་རྒྱུན་སྤྱོད་ཀྱི་སྦྲ་ནག་ལས་གཞན་ད་དུང་གུར་ཡང་ཕུབ། ཁྱིམ་ཚང་འབྱོར་འཁོས་འཛོམས་པོ་ཅན་ཡིན་ན་དུས་ཆེན་སྟོན་མོ་དང་། ཕྱི་ལ་སྤྲོ་སྤྲོ་བྱེད་དུ་འགྲོ་བ་སོགས་ཀྱི་སྐབས་སུ་རྣུ་ཆེན་དྲུག་དང་རྣུ་ཆེན་བརྒྱད་ཅན་གྱི་གུར་ཁྲ་ཕུབ་སྲོལ་ཡོད། གུར་ཁྲ་ལ་ཀླད་དང་། ཤོག །གུང་སོགས་ཡོད་ཅིང་། སྲུབ་གནོན་ས་ལ་རས་ནག་དང་རས་སྔོ་ཡིས་ལྕགས་ར་བརྒྱབ་ཡོད། གུར་ཤོག་ལ་བཀྲ་ཤིས་རྟགས་བརྒྱད་དང་། ཚེ་རིང་རྣམ་དྲུག་གི་བཀྲ་ཤིས་རི་མོ་ཡིས་སྦ་ལེ་བཏོད། ཡུལ་ཤུལ་གྱི་གུར་ཁྲའི་བཟོ་དབྱིབས་མཛེས་ཤིང་། ཚོན་རིས་བཀྲག་མདངས་ཆེ་བ། རྒྱན་ཆ་ཕུན་སུམ་ཚོགས་པ། མི་རིགས་ཁྱད་ཆོས་ལྡན་པས་རིག་གནས་ཀྱི་དོན་སྙིང་འཛོམས་ཤིང་མཛེས་དཔྱོད་ཀྱི་རིན་ཐང་ངེས་ཅན་ཡོད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.