པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
མདུན་གྱི་གནས།:ངོས་དང་པོ།>གནམ་གཤིས།
 ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
      ས་བབ་དང་ས་ངོས།
      རི་དང་རི་རྩེ།
      ཆུ་བོ་དང་མཚོ་མོ།
      གནམ་གཤིས།
      རང་བྱུང་ཐོན་ཁུངས།
      རྒྱུ་རྫས་ཐོན་ཁུངས།
      སྲིད་འཛིན་ཆོལ་ཁ།
      མི་གྲངས་དང་མི་རིགས།
 
  གནམ་གཤིས།
 ༼གནམ་གཤིས།༽ ཡུལ་ཤུལ་ཁུལ་ནི་མཚོ་བོད་མཐོ་སྒང་དུ་མཆིས་པས་ཕྱོགས་བཞི་ནི་རི་ཆེན་དག་གིས་བསྐོར་ཞིང་། དཀྱིལ་དབུས་སུ་ཆུ་བོ་དང་མཚེའུ་མང་པས་གནམ་གཤིས་ནི་ཁྱད་པར་ཅན་གྱི་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་དེ་རིགས་ཡིན། ཡུལ་ཤུལ་གྱི་ཤར་ཕྱོགས་ས་ཁུལ་དཔེར་ན་སྐྱེ་རྒུ་དང་། ནང་ཆེན་གྱི་ལོ་རེའི་གནམ་གཤིས་དྲོ་གྲང་ནི་ཀླད་ཀོར་མན་གྱི་༥.༦—༤.༣°cཡིན་པ་དང་། བྱང་ངོས་ཀྱི་རྫ་སྟོད་དང་། འབྲི་སྟོད། ཆུ་དམར་ལེབ་ཀྱི་ས་ཆ་ནས་ལོ་རེའི་གནམ་གཤིས་དྲོ་གྲང་ནི་ཀླད་ཀོར་མན་གྱི་-༢°cཡས་མས་ཡིན། ལོ་གོང་མོ་ལ་དུས་ཚིགས་བཞིའི་ཁྱད་པར་ཆེར་མེད་པར་དབྱར་དུས་དང་དགུན་དུས་གཉིས་ལས་མེད། གྲང་བའི་དུས་ཚིགས་ནི་ཟླ་བ་བདུན་བརྒྱད་ཡས་མས་ཡིན་པ་དང་། དྲོ་བའི་དུས་ཚིགས་ནི་ཟླ་བ་བཞི་ལྔ་ལས་མེད། ས་ཆ་མང་ཤོས་ནས་ཆ་སྙོམས་བྱས་ན་ཉིན་རེའི་གནམ་གཤིས་དྲོ་གྲང་ཁྱད་པ་ལ་ཏུའུ་ཚད་༡༤°cཡན་དུ་ཡོད། ལོ་རེའི་གནམ་གཤིས་དྲོ་གྲང་ཁྱད་པ་ལ་ཏུའུ་ཚད་ལ་༡༩.༨-༢༣.༩°cཡིན། ལོ་རེའི་ཉི་ཤར་ཆུ་ཚོད་ལ་ཆ་སྙོམས་ལ་༢༥༠༠ཡན་དུ་ཡོད། ཉི་འོད་འཕྲོ་ཚད་ལ་སྤྱིའི་ཆ་ནས་ལིས་སྨིས་གྲུ་བཞི་མ་རེ་ལ་སྟོང་འདུས་ ༦༢༣.༥-༦༧༤.༧་ཡིན། ས་ཁོངས་ནས་ལོ་ཧྲིལ་པོ་ལ་རླུང་ཆེན་གཡོ་བའི་ཉི་མ་༤༡.༥-༡༢༤.༣ཡིན། ས་ཆ་མང་ཤོས་ལ་ཉི་མ་དྲུག་ཅུ་རེ་ལྔ་ཡན་དུ་ཡིན། ཆ་སྙོམ་རླུང་ཚད་ལ་སྐར་ཆ་རེ་ལ་སྨིས་༡.༡-༥.༡ཡིན། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་ནི་ཡུལ་ཤུལ་གནམ་གཤིས་ཀྱི་རྩ་བའི་ཁྱད་ཆོས་ཤིག་རེད། ཁ་དབུགས་ཁྲོད་དུ་དབྱང་དབུགས་འདུས་ཚད་ནི་རྒྱ་མཚོ་ངོས་ཀྱི་གཉིས་ཆ་གཅིག་ནས་སུམ་ཆ་གཉིས་བར་དུ་ཡིན། ཉི་མའི་སྨུག་ཕྱིའི་འོད་ཐིག་ནི་མཚོ་ངོས་ལ་ལྡབ་བཅུ་ཡིས་མཐོ་བ་རེད། ཡུས་ཧྲུའུ་ཡི་ཆར་ཆུ་འབབ་ཚད་ནི་ཤར་ཁུལ་མང་ཞིང་ནུབ་ཁུལ་ཉུང་། ཉིན་དྭངས་པ་མང་ཞིང་ཆར་འབབ་པ་ཉུང་། རླངས་པ་འཕྱུར་རྒྱུ་ཆེ། མཚན་ཆར་མང་ཞིང་ཉིན་ཆར་ཉུང་། ཆར་པ་འབབ་ཤུགས་སྤྱིར་བཏང་ཆེན་པོ་མ་རེད། ཆར་པ་འབབ་དུས་གཅིག་ཏུ་འཁེལ་སྟབས་མང་བ་དང་། ས་དབྱིབས་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་ཤུགས་རྐྱེན་ཐེབས་ནས་ཡུལ་ཤུལ་ཁུལ་གྱི་གྲང་དུས་རླུང་ཆེན་གཡོ་བ་དང་། བྱེ་རླུང་སྤུར་བའི་གནམ་གཤིས་ཅུང་མང་བ་རེད། དྲོ་དུས་སེར་བ་དང་ཐོག་ཆར་གྱི་གྲངས་ཀ་མང་བ་རེད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.