པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>ཤིད་ལས་ཡུལ་སྲོལ།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 ཤིད་ལས་ཡུལ་སྲོལ།

      ཁྱད་པར་ཅན་གྱི་ཐོན་སྐྱེད་འཚོ་བའི་ཐབས་ཤེས་དང་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་བག་ཆགས་ཤིག་གིས་ཐུན་མིན་གྱི་གཤིན་ལས་རིག་གནས་ཤིག་དར་ཡོད། དེ་ལ་མཆོད་རྟེན་དུ་འཇོག་པ། ཆུ་ལ་བསྐྱུར་བ། ས་ལ་སྦས་པ། མེ་ལ་སྲེག་པ། ཁྱིམ་དུ་འཇོག་པ། བྱ་ལ་སྦྱིན་པ་སོགས་ཡོད། གཤིན་ལས་ཡུལ་སྲོལ་མང་པོ་ནང་ནས་ཆེས་ཁྱད་ཆོས་ཆེ་བ་ནི་ཡུལ་ཤུལ་གྱི་བྱ་དུར་དེ་རེད། ཡུལ་ཤུལ་གྱི་བྱ་དུར་ལ་ཡུན་རིང་གི་ལོ་རྒྱུས་ཡོད། དེ་ནི་བོད་རིགས་གདོད་མའི་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཉིས་ཀྱི་ཁྲོད་ནས་བྱུང་བའི་ཡུལ་སྲོལ་འདུས་མ་ཞིག་རེད། ཡུལ་ཤུལ་གྱི་བྱ་དུར་ནི་གྲྭ་པས་གཤིན་ལས་མགོ་འཇུག་བར་གསུམ་ཆ་ཚང་བར་བྱེད། འདི་ནི་བོད་ཁུལ་གྱི་ས་ཆ་གཞན་དང་མི་འདྲ་སའི་ཁྱད་ཆོས་ཤིག་རེད། ཡུལ་ཤུལ་བྱ་དུར་ནི་སྤྱིར་བཏང་ཡིན་ན་གྲྭ་པ་བཞི་ཡན་གདན་གཅིག་ཏུ་འཛོམས་ནས་ཆོས་གསུངས་པ་དང་། འཕོ་བ་སྤར་བ། ཕུང་པོ་བྱ་རུ་སྦྱིན་པ་སོགས་མཛད། དུར་ཐོག་ནས་གསུར་བསྔོས་ཏེ་གྲྭ་བཙུན་རྣམས་ཀྱིས་འཕོ་བ་གསུངས་པ་དང་། བྱ་རྒོད་གནམ་ནས་བབས་ཏེ་ཆུ་ཚོད་ཕྱེད་ཙམ་རིང་ལ་རུས་ཆག་སྤར་གང་ལས་སྐྲ་དང་སེན་པོ་ཙམ་ཡང་མི་ལྷག་པར་ཟ་འགྲོ། དེ་ལྟར་ཡོང་རྗེས་གཞི་ནས་བྱ་དུར་བྱས་ཟིན་པ་རེད། ༡ སྐྱེ་ཁམས་ཀྱི་རིན་ཐང་། ཡུལ་ཤུལ་བྱ་དུར་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་ས་འཆང་མཐིལ་ཙམ་ཡང་མི་བཟུང་། ས་གཞི་ཐོན་ཁུངས་ལ་གྲོན་ཆུང་དང་། སྐྱེ་ཁམས་སྙོམ་སྒྲིག་གི་ཐད་ནས་དོན་སྙིང་གལ་ཆེན་ལྡན། ༢ མཚན་ཉིད་རིག་པའི་རིན་ཐང་། ཡུལ་ཤུལ་བྱ་དུར་གྱིས་མི་མང་གིས་ཚེ་སྲོག་འདྲ་མཉམ་དང་རླབས་ཆེན་སྤྱོད་པའི་བསམ་པའི་གོ་རྟོགས་མཚོན། ༣ སྤྱི་ཚོགས་རིན་ཐང་། ཡུལ་ཤུལ་བྱ་དུར་གྱིས་ས་གནས་ཀྱི་རང་བྱུང་ལ་གཅེས་སྐྱོང་དང་། སྐྱེ་འཇིག་གི་སྲིད་པའི་ལས་ལ་ཡང་དག་པའི་ལྟ་སྟངས་ཤིག་ཡོད་པ་མཚོན་ཅིང་། ས་གནས་མང་ཚོགས་ཀྱི་རིག་གནས་ངོས་འཛིན་དང་། གཅིག་འགྱུར་གྱི་མི་རིགས་རིག་གནས་ཤིག་ཏུ་གྲུབ་ཡོད།༡ རིག་གནས་མི་འདྲ་བ་དུ་མ་འདུས་པས་མི་ལ་ལས་བྱ་དུར་ལ་གདུག་རྩུབ་ཡ་ང་བའི་རང་བཞིན་དང་། འཇིགས་སྐྲག་གི་རང་བཞིན་ཞིག་འདུག་ཅེས་དགོས་པའི་རང་བཞིན་དང་བཟང་ཕྱོགས་ནས་རྒྱུས་ལོན་མེད་པས་བཀག་འགོག་བྱེད་ཀྱིན་འདུག ། ༢ ས་དུར་དང་ཆུ་དུར་སོགས་ཅུང་ཟད་རྗེས་ལུས་ཡིན་པའི་གཤིན་ལས་བྱེད་སྟངས་ཀྱིས་ལུགས་མཐུན་རང་བཞིན་དང་ཚན་རིག་རང་བཞིན་ལྡན་པའི་ཡུལ་ཤུལ་བྱ་དུར་ལ་གནོད་པ་ཅུང་ཟད་རེ་ཐེབས་ཡོང་གི་འདུག ། ༣ སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་སྟབས་བྱ་རྒོད་གྲངས་ཀ་ཇེ་ཉུང་དུ་སོང་བས་བྱ་དུར་བྱེད་སའི་དུས་ཁྲོད་འགའ་ཞིག་བེད་མེད་དུ་ལུས་པས། ས་ཆ་འགའ་རེ་ནས་ཚེ་འདས་ཀྱི་ཕུང་པོ་ལེ་དབར་བརྒྱ་ཕྲག་གི་ས་རུ་བསྐྱལ་གྱིན་ཡོད། ༼༡༽ ས་གནས་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས་གཏན་འབེབས་བྱེད་པ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་དང་བསྟུན་ཏེ་ཡུལ་ཤུལ་བྱ་དུར་ལ་སྲུང་སྐྱོབ་བྱེད་ཐབས་གཏན་འབེབས་བྱས་ཏེ། རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྲུང་སྐྱོང་སྲོལ་ཡིག་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཀྱི་རེ་འདུན་ལྟར་དུ་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་སྲུང་སྐྱོབ་བྱ་བའི་སྒྲིག་གཞི་ཆ་ཚང་བ་ཞིག་ཡོད་པར་བྱེད་དགོས།༢ འཚོལ་སྒྲིག་གི་བྱ་བར་ཤུགས་སྣོན་གཏོང་དགོས། ཡུལ་ཤུལ་བྱ་དུར་གྱི་སྲོལ་རྒྱུན་འདི་པར་རིས་དང་། བརྙན་གཟུགས། ཡི་གེ་སོགས་ལ་བརྟེན་ནས་བདེན་ཞིང་ཆ་ཚང་བའི་སྒོ་ནས་ཟིན་ཐོ་རུ་འདེབས་དགོས། ཡུལ་ཤུལ་བྱ་དུས་ཚགས་ཡིག་དང་གྲངས་རྩིས་ཡིག་མཛོད་བཟོ་དགོས། ཡུལ་ཤུལ་ཁུལ་གྱིས་ཡུལ་ཤུལ་བྱ་དུར་ཐད་ནས་སྔར་ཡོད་ཀྱི་བྱ་བའི་གྲུབ་འབྲས་བེད་སྤྱོད་དེ་ཡོངས་ཁྱབ་ཀྱིས་བརྟག་ཞིབ་བྱེད་པའི་ཐབས་ལ་བརྟེན་ནས་ཡུལ་ཤུལ་ས་ཁུལ་གྱི་བྱ་དུར་ཡུལ་སྲོལ་ལ་རྒྱུས་ལོན་ཡོང་བར་བྱེད་དགོས། ༣ ཡུལ་ཤུལ་བྱ་དུར་གྱི་སྲུང་སྐྱོབ་མ་དངུལ་འགན་སྲུང་ཐུབ་པ་བྱེད་དགོས། ཀྲུང་དབྱང་དང་། ས་གནས་སྲིད་གཞུང་གིས་ཆེད་དོན་མ་དངུལ་གཏོང་བ་ལས། གཞན་ད་དུང་སྤྱི་ཚོགས་ཚོགས་པ་དང་དམངས་ཁྲོད་ནས་ཞལ་འདེབས་མ་དངུལ་བསྡུ་དགོས། ༤ ཡུལ་སྲོལ་སྲུང་སྐྱོབ་བྱ་བའི་དྲིལ་བསྒྲགས་ཇེ་ཆེར་གཏོང་ནས་དོན་དངོས་པོ་ཐོག་ནས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་པར་བྱེད་དགོས།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.