པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
མདུན་གྱི་གནས།:ངོས་དང་པོ།>རི་དང་རི་རྩེ།
 ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
      ས་བབ་དང་ས་ངོས།
      རི་དང་རི་རྩེ།
      ཆུ་བོ་དང་མཚོ་མོ།
      གནམ་གཤིས།
      རང་བྱུང་ཐོན་ཁུངས།
      རྒྱུ་རྫས་ཐོན་ཁུངས།
      སྲིད་འཛིན་ཆོལ་ཁ།
      མི་གྲངས་དང་མི་རིགས།
 
  རི་དང་རི་རྩེ།
༼ས་གཤིས།༽ ཡུལ་ཤུལ་ཁུལ་ནི་བྱང་ནས་ཁུ་ནུ་རི་བོ་རི་བརྒྱུད་དང་བ་ཡན་ཁྲ་ལ་རི་བརྒྱུད་དུ་སྦྲེལ་ཞིང་། ལྷོ་ནས་གདང་ལ་དང་། ཤར་ནས་ཁྲོན་ནུབ་རི་མཐོ་དང་འགག་རོང་། ནུབ་ནས་བོད་བྱང་མཐོ་སྒང་དང་འབྲེལ་ཡོད། འབྲི་ཆུ་དང་ཟླ་ཆུ། རྨ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན། སྤྱི་ཡི་ས་དབྱིབས་ནི་རི་ཆེན་གཉིས་ཀྱི་དབུས་ན་ཡོད། ནུབ་བྱང་གཉིས་མཐོ་བ་དང་། དཀྱིལ་ནས་དམའ་བ། ནུབ་མཐོ་ལ་ཤར་དམའ་བ་རེད། ཁུལ་ཡོངས་ཀྱིས་ས་གཤིས་འདྲ་མིན་བཞི་བརྒྱུད་ཡོད། འབྲི་ཆུ་ཆུ་མགོའི་ཐང་མཐོ་ས་ཁུལ་དང་། གདང་ལའི་རི་མཐོ་ས་ཁུལ། བ་ཡན་ཁྲ་ལའི་རི་ཐང་ས་ཁུལ། ཁུ་ནུ་རི་བོའི་རྡོ་ཕུང་རི་མཐོ་ས་ཁུལ་བཅས་ཡིན། འཁྱག་རི་ས་གཤིས་ཅུང་ཆེ་བས་སྤྱིའི་རྒྱ་ཁྱོན་ལས་༧༠% ཡན་དུ་ཟིན་ཡོད། འཁེང་ཞིའི་ནུས་པ་ཅུང་དྲག །ཤར་ལྷོ་ནས་ནུབ་བྱང་བྱས་ཏེ་མཐོ་རི་འགག་རོང་ནས་མཐོ་སྒང་རི་ས། དམའ་རི་ཁོད་ཡངས། རི་དེའུ་རི་ཐང་རིམ་པ་བཞི་ཡན་གྱི་གོ་རིམ་ལྟར་དུ་སྒྲིག་ཅིང་། རི་བོ་མཐོ་ཞིང་། འགག་རོང་ཟབ་པ། གྲམ་པ་ཆེ་བ། རི་ཁུག་ཡངས་པ་བཅས་ཀྱི་ས་གཤིས་གྲུབ། དཀྱིལ་དང་ནུབ་བརྒྱུད་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཤོས་ནི་རི་ཐང་གི་ཚུལ་དུ་ཡོད་པས་མཐོ་དམའ་ཆེར་མེད། དམའ་ས་ནས་རི་དེའུ་དང་། རི་ཁུག་ཡངས་པ། མཚེའུ་འགྲམ་དང་གྲམ་པ་གཙོ་བོ་ཡིན། དཀྱིལ་གྱི་ཤར་དང་ལྷོ་ཡི་ཕྱོགས་ཀྱི་མཐོ་སྒང་ས་རི་དང་། རི་མཐོ་ཞིང་འགག་རོང་ཟབ་པའི་ས་གཤིས་ཡོད། ཁུལ་ཡོངས་ཀྱི་རྒྱ་མཚོ་ངོས་ལས་མཐོ་ཚད་ལ་སྨིས་༤༢༠༠ཡན་དུ་ཡིན། ཆེས་མཐོ་བའི་རི་རྩེ་ནི་པུ་ཁ་ད་པན་རི་རྩེ་ཡིན། དེ་ལ་མཚོ་ངོས་ལས་སྨིས་༦༨༦༠ཡོད། ཆེས་དམའ་ས་ནི་འབྲི་ཆུ་ཆུ་ངོས་ཡིན། དེ་ལ་མཚོ་ངོས་མཐོ་ཚད་ལས་སྨིས་༣༣༣༥ཡོད། ས་ཆ་མང་ཆེར་ཤོས་ཀྱི་མཚོ་ངོས་མཐོ་ཚད་ལ་སྨིས་༤༠༠༠ནས་༥༠༠༠བར་དུ་ཡོད། ཁུལ་ཡོངས་ཀྱི་ཤར་ནུབ་གཉིས་ཀྱི་རིང་ཚད་ལ་སྤྱི་ལེ་༧༣༨ཡོད། ལྷོ་བྱང་གཉིས་ཀྱི་ཞེང་ཚད་ལ་སྤྱི་ལེ་༤༠༦ཡོད། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་དྲུག་ཁྲི་བདུན་བརྒྱ་ཡོད། འདིའི་ནང་དུ་མཚོ་ནུབ་ཁུལ་གྱིས་ཚབ་བྱས་ཏེ་དོ་དམ་བྱེད་པའི་གདང་ལ་ཡུལ་ཚོའི་སྤྱི་ལེ་གྲུ་བཞི་མ་དྲུག་ཁྲི་བཞི་སྟོང་འདུས་ཡོད། ས་ཁྱོན་འདིས་ཞིང་ཆེན་ཡོངས་ཀྱི་ས་རྒྱ་ལས་༣༧.༢%ཟིན་ཡོད།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.