པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
རྒྱུ་མཚན་ཆེ་པོ་བཅུ།
མདུན་གྱི་གནས།:ངོས་དང་པོ།>ཨ་ཆེན་བྱང་རྒྱབ་ཡུལ་ཤུལ་གནས་སུ་མཆིས།
 གཟིགས་ཡུལ་ཆེ་ཁག་བཅུ།
      རབ་མཛེས་མཚོ་སྔོན་ཡུལ་ཤུལ་གནས་སུ་མཛེས།
      ཆུ་གསུམ་ཆུ་མགོ་ཡུལ་ཤུལ་གནས་སུ་ཡོད།
      གནས་མཆོག་ཇོ་བོ་ཡུལ་ཤུལ་གནས་སུ་བརྗིད།
      རྒྱ་ནག་མ་ནི་ཡུལ་ཤུལ་གནས་སུ་བཞེངས།
      ཁུ་ནུ་རི་བོ་ཡུལ་ཤུལ་གནས་སུ་འགྱིང་།
      གེ་སར་རིག་གནས་ཡུལ་ཤུལ་གནས་སུ་གྲགས།
      གྲུབ་མཐའ་རྣམ་བཞི་ཡུལ་ཤུལ་གནས་སུ་དར།
      ཁམས་པའི་རིག་གནས་ཡུལ་ཤུལ་གནས་སུ་འཚེར།
      ཐང་བོད་གནའ་ལམ་ཡུལ་ཤུལ་གནས་སུ་འཐེན།
      ཨ་ཆེན་བྱང་རྒྱབ་ཡུལ་ཤུལ་གནས་སུ་མཆིས།
 
 ཨ་ཆེན་བྱང་རྒྱབ་ཡུལ་ཤུལ་གནས་སུ་མཆིས།

 མཚོ་སྔོན་ཨ་ཆེན་གངས་རྒྱབ་ནི་རྒྱལ་ཁབ་རིམ་པའི་རང་སྐྱོང་སྲུང་སྐྱོང་ས་ཁུལ་ཡིན། དེ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ངོས་ན་ཡོད། སྤྱིའི་རྒྱ་ཁྱོན་ལ་ཀུན་ཆེན་ཁྲི་༤༥༠ཡོད། དེ་ནི་དུས་རབས་ཉེར་གཅིག་ནང་ནས་འཛམ་གླིང་ཐོག་གི་གདོད་མའི་ཁོར་ཡུག་ལ་ཉམ་ཉེས་མ་སོང་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་ལ། ཀྲུང་གོས་བསྐྲུན་པའི་རྒྱ་ཁྱོན་ཆེས་ཆེ་ཞིང་། ས་བབ་ཆེས་མཐོ་བ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གཅིག་རེད། མཚོ་སྔོན་ཨ་ཆེན་གངས་རྒྱབ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གཙོ་བོ་ཞིག་རེད། སྲུང་སྐྱོབ་བྱ་རྒྱུ་ལ་གཙོད་དང་། འབྲོང་། རྐྱང་། གནའ་བ་སོགས་ཆེས་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་གནས་བཅས་ཤིང་སྐྱེས་སའི་ཁོར་ཡུག་ཅིག་རེད། ༢༠༡༤ལོའི་སྤྱི་ཟླ་བཅུ་གཅིག་པར། མཚོ་སྔོན་ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་རང་བྱུང་ཤུལ་དངོས་སུ་འཇོག་པའི་བྱ་བ་མགོ་བརྩམས་པ་རེད།

༼ལོ་རྒྱུས་བྱུང་རིམ།༽ ༡༩༩༥ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ས་ཁུལ་འདི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྲལ་དུ་བཞག་པ་མ་ཚད། ༡༩༩༦ལོར་གསལ་བསྒྲགས་བྱས། ༡༩༩༧ལོའི་སྤྱི་ཟླ་༡༢པའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་ས་ཁུལ་འདི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བཞག ། ༡༩༩༩ལོའི་སྤྱི་ཟླ་དགུ་པའི་ནང་ནས་མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞེས་པའི་མིང་དུ་བཅོས།

༼ས་ཁམས་ཁོར་ཡུག །༽ ཆགས་གནས། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་མཚོ་སྔོན་ནུབ་ལྷོའི་མཚམས་ཀྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་སུ་ཡོད། དེ་ནི་མཚོ་སྔོན་དང་། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་གཅིག་དང་ལྗོངས་གཉིས་བར་གྱི་མཐོ་གཞོང་ཞིག་ཡིན། སྲུང་སྐྱོབ་ས་ཁུལ་གྱི་ནུབ་ངོས་ནས་བོད་ལྗོངས་དང་འབྲེལ་ཞིང་། ལྷོ་ངོས་ནས་ན་གོར་མོའི་གདང་ལ་དང་འབྲེལ་ཞིང་། བྱང་ངོས་ནས་ཤིན་ཅང་ཝེ་ཀོར་རང་སྐྱོང་ལྗོངས་དང་འབྲེལ་བ་དང་། ཤར་ནས་མཚོ་བོད་གཞུང་ལམ་དང་འབྲེལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་བཞི་དང་ལྔ་བརྒྱ་ཡོད།

༼ས་གཤིས་ས་ཆོས།༽ མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་ཁུལ་ནས་ས་བབ་མཐོ་ཞིང་། ས་གཤིས་ས་ཆོས་ཀྱི་དབང་གིས་ནང་ཁུལ་དུ་རི་ས་དང་ལུང་ཞེང་ཆེ་བ། ས་གཞོང་དེ་བྱང་ནུབ་ནས་ནུབ་དང་། ལྷོ་ཤར་ནས་ཤར་དུ་བསྲིངས་བའི་དབྱིབས་སུ་ཆགས་ཡོད།

༼སྒྲིག་རིམ།༽ བྱང་ནས་ལྷོ་ངོས་བྱས་ན། ཁུ་ནུ་རི་བོའི་ཤར་ཤོག་པོ་ཁཱ་ལིས་ཁུ་ཐར་ཀི་རི་བོ་དང་མཱ་ལོན་རི་བོ་གངས་རྩེ་ཆེན་པོས་གྲུབ་པའི་ཆེ་འབྲིང་གཉིས་སུ་སྤུངས་པའི་རི་མཐོ་དང་ཤིན་ཏུ་མཐོ་བའི་རི་ཡིན། ལེབ་ཤོད་ཝོས་ཐོན་མཚེའུ་ནས་ཨ་ཆེན་གངས་རྒྱབ་མཚེའུ་བར་གྱི་གཙོད་གནས་མཚོ་དང་། ཁོ་གསེར་མཚེའུ་གཉིས་ཏེ་ས་བབ་མཐོ་བའི་ས་གཞོང་མཚོ་འཁྱིལ་རེད། ཨ་ཆེན་གངས་རྒྱབ་རི་ཚོགས་ནི་ཆུང་འབྲིང་ཙམ་ཡར་འབུར་བའི་མཐོ་རི་ས་ཁུལ་རེད། ཤིས་ཅན་ཝོས་ལོན་མཚེའུ་དང་། ཆུ་དམར་རབ་བདུན་བར་གྱི་ས་བབ་མཐོ་བའི་གྲམ་ཞེང་མཚེའུ་འཁྱིལ་ས་ཁུལ་དང་། ཏོན་པུའུ་ལི་རི་བོ་ནས་ཝོས་ལོན་ཝོས་ལ་རི་ཚོགས་ནི་ཆུང་འབྲིང་ཙམ་ཡར་འབུར་བའི་མཐོ་རི་ས་ཁུལ་རེད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ས་ཁུལ་ནང་ནས་དབུས་ནས་ཅུང་ཁོད་དམའ་བ་དང་། ནུབ་ངོས་ནས་མཐོ་ཞིང་ཤར་ངོས་ནས་དམའ། ཕལ་ཆེར་ས་གཤིས་རིགས་ནི་ལྷོ་བྱང་ས་མཐའ་ནས་ཆེ་འབྲིང་ཙམ་ཡར་འབུར་བའི་མཐོ་རི་དང་ཤིན་ཏུ་མཐོ་བའི་རི་བོ་ཡིན་པ་མ་ཚད། རྒྱ་ཆེའི་ས་ཁུལ་ནི་ཆུང་འབྲིང་ཙམ་ཡར་འབུར་བའི་མཐོ་རི་དང་ས་བབ་མཐོ་བའི་རི་ཕྲན་དང་། དེའུ་འབུར། ཐང་གཞུང་ཡིན།

༼ཆུ་བོ།༽ མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་བྱང་ཐང་མཐོ་སྒང་ནང་ཁུལ་གྱི་མཚོ་མཚེའུ་དང་། འབྲི་ཆུ་བྱང་ངོས་ཀྱི་ཆུ་ཁོངས་འདུས་མདོའི་ས་ཁུལ་ཞིག་ཡིན། ཨ་ཆེན་གངས་རྒྱབ་ཀྱི་ཆུ་ལ་ཆུ་ལག་གསུམ་དུ་དབྱེ་ཆོག །ཤར་ངོས་ནི་ཆུ་དམར་རབ་བདུན་ཁོངས་ཀྱི་འབྲི་ཆུ་བྱང་ངོས་ཆུ་ལག་ཕྱི་རུ་བཞུར་བ་ལས། གཞན་ད་དུང་གནམ་ཆུ་དང་། ས་འོག་གི་ཆུ་ཡོད། ཆུ་ཤེད་ཅུང་ཆུང་། དུས་ཚིགས་རང་བཞིན་གྱི་ཆུ་གཙོ་བོ་ཡིན། ནུབ་ངོས་དང་བྱང་ངོས་ནི་མཚོ་དང་མཚེའུ་གཙོ་བོ་ཡིན་པའི་ཤར་བྱང་ངོས་ཀྱི་ནང་འབབ་ཆུ་ལག་ཡིན། བྱང་ཐང་མཐོ་སྒང་ནང་འབབ་མཚོ་ཁུལ་གྱི་ཤར་བྱང་ཕྱོགས་ཡིན། བྱང་ངོས་དབུས་ནི་ཚྭ་འདམ་གཞུང་གི་ནང་འབབ་ཆུ་ལག་ཡིན། དམར་ཆུ་གཙོ་བོར་ཡིན་པས་ཁུ་ནུ་རི་བོ་བརྒྱུད་དེ་ཚྭ་འདམ་གཞུང་དུ་འབབ་ཀྱིན་ཡོད། སྲུང་སྐྱོང་ས་ཁུལ་གྱི་ནང་འབབ་ཆུ་ལག་གིས་ཕལ་ཆེར་སྲུང་སྐྱོང་ས་ཁུལ་ཚང་མ་ཁེབས་ཡོད། མཚོ་མཚེའུ་མང་པོ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་ཡན་གྱི་མཚེའུ་ལ་༡༠༧ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༨༢༥ཡོད། མཚོ་མཚེའུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༠༠ཡན་དུ་ཡོད་པ་ལ་དྲུག་ཡོད། སྤྱི་ལེ་གྲུ་བཞི་མ་གཅིག་མན་གྱི་མཚེའུ་ལ་༧༠༠༠ལྷག་ཡོད། དེའི་ཕྱིར་མཚེའུ་སྟོང་གི་ས་ཆ་ཞེས་པའི་མིང་ཐོགས་ཡོད། ཨ་ཆེན་གངས་རྒྱབ་ཀྱི་དེང་རབས་འཁྱག་རི་གང་སར་ཁྱབ་ཡོད། ས་ཁུལ་ནང་དུ་འཁྱག་རི་༢༥༥ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༥༠.༧ཡོད། འཁྱག་གསོག་ཚད་ལ་གྲུ་བཞི་ལྷམ་པ་དུང་༨༡༦.༤༨༩ཡོད། སྲུང་སྐྱོང་ས་ཁུལ་ནི་ལོ་མང་ས་འཁེང་གི་གནས་ཡིན་པས། ས་འཁེང་རྒྱ་ཁྱོན་གྱིས་སྲུང་སྐྱོང་ས་ཁུལ་གྱི་བརྒྱ་ཆ་དགུ་བཅུ་ཡན་ཟིན་པ་དང་། ས་འཁེང་མཐུག་ས་ནས་སྨིས་༤༠༠ལ་སླེབས་ཡོད། འཁྱག་རི་དང་ས་འཁེང་ནི་ཆེས་ཆེ་བའི་སྲ་གཟུགས་ཆུ་མཛོད་ཅིག་རེད།

༼ས།༽ མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ས་ལ་གཙོ་བོ་རི་མཐོ་སྤང་ས་དང་། རི་མཐོ་རྩྭ་ས། རི་མཐོ་བྱེ་ས་བཅས་ས་ཁོངས་གསུམ་གྱི་ས་ཡོད། སྤང་ས་དང་། གྲམ་ས། ཚྭ་ས། བུལ་ས། བྱེ་ས་སོགས་ཐར་ཐོར་དུ་ཡོད། ས་རིགས་ཅུང་སླ་མོ་རེད།

༼གནམ་གཤིས།༽ མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་མཚོ་ངོས་ལས་ས་བབ་མཐོ་བ་དང་། གནམ་གཤིས་སྐམ་ཞིང་གྲང་ངར་ཆེ་བས་མཐོ་སྒང་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་རེད། ཤིས་ཅིན་ཝོས་ལོན་མཚོ་ཁུལ་ལ་ལྟོས་བཅས་ཀྱིས་དྲོད་གཤིས་འཛོམས་པ་རེད། ལོ་རེའི་གནམ་གཤིས་དྲོ་གྲང་ནི་ཀོར་ཐིག་མན་གྱི་-10.0℃~4.1℃་ཡིན་པ་དང་། ཆེས་གྲང་དུས་ཀོར་ཐིག་མན་གྱི་-46.2℃སླེབས་པ་རེད། ཆགས་སྟངས་དེ་ཤར་ལྷོ་གཉིས་ནས་རིམ་པ་བཞིན་དུ་ནུབ་བྱང་གཉིས་སུ་གྲང་བ་རེད། ཆེས་གྲང་བའི་ཟླ་བ་ནི་སྤྱི་ཟླ་དང་པོ་ཡིན། ཆེས་དྲོ་བའི་ཟླ་བ་ནི་སྤྱི་ཟླ་བདུན་པ་ཡིན། ལོ་གོང་མོའི་གནམ་ཆུ་འབབ་ཚད་ལ་ཆ་སྙོམས་བྱས་ན་173mm~495mmབར་ཡིན། ཤར་ལྷོ་ནས་རིམ་བཞིན་དུ་ནུབ་བྱང་དུ་ཉུང་བ་རེད། གནམ་ཆུ་འབབ་ཚད་ཆེས་ཆེ་བ་ནི་སྤྱི་ཟླ་ལྔ་པ་ནས་དགུ་པའི་བར་དུ་ཡིན། དེས་ལོ་གོང་མོའི་གནམ་ཆུ་འབབ་ཚད་ལ་བརྒྱ་ཆ་དགུ་བཅུ་ཡན་ཟིན་ཡོད། ཨ་ཆེན་གངས་རྒྱབ་ས་ཁུལ་ལ་མཁའ་མཐོ་དྲག་རླུང་གི་ནུབ་རླུང་འདེད་འོག་ནས་མདོ་དབུས་མཐོ་སྒང་དང་རྒྱལ་ཡོངས་ཀྱི་རླུང་གི་མྱུར་ཚད་ལྟ་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ལོ་འཁོར་མོའི་རླུང་གི་མྱུར་ཚད་ནི་ཤར་ལྷོ་དང་ཤར་བྱང་ནས་ས་དབུས་དང་ནུབ་ངོས་སུ་ཇེ་ཆེར་འགྲོ་གིན་ཡོདཙ། གྲངས་ཚད་མཉམ་ཐིག་ནི་ཕལ་ཆེར་རག་དུང་ཁ་དབྱིབས་སུ་ཡོད། རླུང་གི་མྱུར་ཚད་ནི་8.0~3.5m/sབར་དུ་ཡོད།

དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.