པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>བོད་རིགས་ཀྱི་ཟློས་གར།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 བོད་རིགས་ཀྱི་ཟློས་གར།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་ནུབ་བྱང་ཕྱོགས་དང་། མཚོ་སྔོན་ཞིང་ཆེན་ལྷོ་ངོས་སུ་ཡོད། ཁུལ་སྲིད་གཞུང་ནི་སྐྱེ་རྒུ་གྲོང་རྡལ་དུ་ཆགས། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༨༡༩ཡོད། སྐྱེ་རྒུ་ཞེས་པ་ནི་སྐྱེ་འགྲོ་སེམས་ཅན་ཡོད་རྒུ་འདུས་སའི་གནས་ཡིན་པས་ན་སྐྱེ་རྒུ་ཞེས་ཟེར་རོ། །གནའ་སྔ་མོ་ནས་མཚོ་སྔོན་དང་། སི་ཁྲོན། བོད་ལྗོངས་བར་གྱི་ཚོང་ཟོང་སྐྱེལ་འདྲེན་གྱི་འདུས་མདོ་ཞིག་ཡིན་ལ། ལོ་རྒྱུས་ཐོག་ནས་བོད་རྒྱ་མི་རིགས་གཉིས་བར་གྱི་ཐང་བྷོད་གནའ་ལམ་ཞེས་པ་དེ་འདི་ནས་བརྒྱུད་པ་རེད། ཡུལ་ཤུལ་ཁུལ་གྱི་ས་རྒྱ་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཉེར་དྲུག་དང་སྟོང་ཚོ་བདུན་ཡོད། དེས་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་ས་ཁྱོན་གྱི་སུམ་ཆ་གཅིག་ཟིན། ཁུལ་ཡོངས་ལ་གྲོང་ཁྱེར་གཅིག་དང་། རྫོང་ལྔ་དང་། གྲོང་རྡལ་དང་ཡུལ་ཚོ་༤༨ཡོད། མི་འབོར་གྲངས་ཀ་ལ་ཁྲི་ཚོ་ཉེར་དགུ་དང་སྟོང་ཚོ་བདུན་ཡོད། དེའི་ནང་ནས་བོད་རིགས་ཁྲི་ཚོ་ཉེར་བརྒྱད་དང་སྟོང་ཚོ་བརྒྱད་ཡོད། དེས་བརྒྱ་ཆ་གོ་བདུན་ཟིན། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨིས་བཞི་སྟོང་ཡན་དུ་ཡོད། སྨིས་ལྔ་སྟོང་ཡན་དུ་ཡོད་པའི་རི་བོ་ཉིས་སྟོང་ལྷག་ཡོད། གངས་ཆུ་ས་ལ་བཞུར་བས་ཀྲུང་ཧྭ་མི་རིགས་ཀྱི་ཆུ་ཆེན་གསུམ་གྱི་ཆུ་མགོ་ཡིན། དེའི་ཕྱིར་རྨ་འབྲི་ཟླ་མགོ་དང་། ཀྲུང་ཧྭ་ཆུ་མཛོད་སོགས་ཀྱི་མཚན་སྙན་ཡོད། དམངས་གླུའི་ཕ་ས་རུ་གྲགས་པའི་ཡུལ་ཤུལ་ནི་བོད་རིགས་དམངས་གླུའི་གཏེར་ཁུངས་ཡིན། ཡུལ་ཤུལ་དམངས་གླུའི་ལོ་རྒྱུས་ཡུན་རིང་བས། དེ་ནི་འགྲོ་བ་མིའི་རིགས་ལ་སྐད་བརྡ་བྱུང་བ་དང་དུས་མཉམ་པ་རེད་ཅེས་བཤད་ཆོག །བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཡིག་བྱུང་བ་དང་བསྟུན་ཏེ་དམངས་གླུ་དེ་ཁ་སྐད་དང་། ཡུལ་སྐད། སྤྱི་སྐད། ཡིག་སྐད་བཅས་ཀྱི་རྣམ་པའི་ཐོག་ནས་འཕེལ་རྒྱས་སོང་། སྲོལ་རྒྱུན་གྱི་ཡུལ་ཤུལ་དམངས་གླུ་ནི་གླུ་དང་། ལ་གཞས། ཁྲོམ་གླུ། སྐྱིད་མོ་བཅས་དང་། གླུ་ཤགས་ཚུལ་དུ་ཡོད་པའི་ཆང་གླུ་དང་། གྱང་གླུ། ཡོ་ལ་ཡོད་ལ། གཉེན་གླུ་དང་། མགྲོན་གླུ། བཞོ་གླུ་སོགས་ཀྱིས་གྲུབ་ཡོད། གླུ་ཡི་ནང་དོན་ནི་ཤིན་ཏུ་ཕུན་སུམ་ཚོགས་པོ་རེད། གཞོན་ནུ་ཕོ་མོའི་མཛའ་གླུ་ སྐྱེས་ཕོ་མོའི་མཛའ་བརྩེ་ལས་གཞན་ད་དུང་གནམ་ས་བར་གྱི་སྐྱེ་དངོས་སེམས་ཡོད་རྒུ་གླུ་རུ་མ་འདུས་པ་མེད། གླུ་མགོ་དང་། གླུ་འབོད། གླུ་ངོམ། གླུ་བསྟོད། གླུ་སྦྲ་ཕུབ། གླུ་ཐབ་བཅའ། གླུ་གདན་བཏིང་པ་བཅས་ཡོད་ཅིང་། མཇུག་ཏུ་ཤིས་གླུ་ཡིས་མཇུག་སྒྲིལ་བ་རེད། ལ་གླུའི་གླུ་ངག་ལ་ས་མིང་དང་ཚོ་པའི་མིང་ནས་མིང་བཏགས་ཡོད། ནང་དོན་དུ་ཕ་ཡུལ་གྱི་རི་ཆུ་ལུང་པར་བསྟོད་ཅིང་། མི་སྒེར་གྱི་བརྩེ་དུང་གཙོ་བོར་འཇོག་པ་ཡིན། དཔེར་ན། དགེ་རྒྱས་བྱ་སུམ་གྲགས་དང་། ལྗོངས་སྲིབ་རྟ་པ་གྲོ་དཀར། རོང་པོ་དགྲ་གླུ། ཨ་གྲོ་རོང་པ་སོགས་ནི་དགེ་རྒྱས་དང་། ལྗོངས་སྲིབ། རོང་པོ། ཨ་གྲོ་རོང་པ་ཞེས་ས་ཆ་དང་ཚོ་པའི་མིང་ལས་གླུ་ངག་ལ་མིང་དེ་ལྟར་བཏགས་པ་རེད། ལ་གཞས་ནི་གཞོན་ནུ་ཕོ་མོའི་བརྩེ་དུང་བརྗོད་པ་གཙོ་བོ་ཡིན། དེས་ན་མིང་སྲིང་ཚང་རོགས་དང་ཉེ་འབྲེལ་ཡོད་ས་ནས་ལ་གཞས་ལེན་མི་སྲིད། ཁྲོམ་གླུ་ནང་དུའང་ན་གཞོན་ཕོ་མོ་བར་གྱི་དྲན་གདུང་དང་། དགའ་མོས། སྡང་སེམས་སོགས་ཀྱི་ནང་དོན་ཡོད། འོན་ཏེ་གཙོ་བོ་ནི་རྒྱལ་ཁམས་བསྐོར་བའི་གཞོན་སྐྱེས་ཚོའི་སྣང་བ་དང་། བསམ་པའི་བརྩེ་དུང་བརྗོད་ཡོད། མགུར་མོ་ནི་ན་གཞོན་ཕོ་མོ་བར་གྱི་བརྩེ་དུང་བརྗོད་རེས་དང་། རྒྱལ་ཁམས་བསྐོར་བའི་སྣང་ཚུལ། གཅིག་སེམས་གཅིག་ལ་ཡོད་མེད་སོགས་མོ་འདེབས་པའི་ཐབས་ལ་བརྟེན་ནས་ཕན་ཚུན་རྩེད་མཚར་གྱི་གླུ་ཞིག་ཡིན། ད་དུང་ཆང་གླུ་དང་། ཡོ་ལ། གྱང་གླུ་སོགས་ཡོད། རིགས་མི་འདྲ་བའི་ཡུལ་ཤུལ་དམངས་གླུའི་གླུ་ངག་དང་། དབྱངས་རྟ། སྙིང་དོན་སོགས་ཀྱི་ཐད་ནས་སོ་སོའི་ཁྱད་ཆོས་མི་འདྲའོ། ། ཡུལ་ཤུལ་དམངས་གླུ་ནི་སྐབས་རེ་ཁེར་ལེན་བྱེད་པ་དང་། སྐབས་རེ་གླུ་ལན་གླུ་སྐོར་བྱེད་པ་རེད། ཕལ་ཆེར་ཤོས་ནི་ཚན་པ་གསུམ་དུ་བགོས་ཡོད། གླུ་དང་ལ་གཞས་ནི་ཚིག་རྐང་བཞི་རེ་ལ་དུམ་མཚམས་གསུམ་རེ་དང་། ཚིག་རྐང་གསུམ་རེ་ལ་དུམ་མཚམས་གསུམ་རེ། ད་དུང་ཚིག་རྐང་ལྔ་རེ་དང་། དྲུག་རེ། བདུན་རེ་ཅན་ཡང་ཡོད། དུམ་མཚམས་རེ་ལ་ཡིག་འབྲུ་བདུན་བརྒྱད་ཡོད། མགུར་མོ་ལ་ཚིག་རྐང་བཞི་ལ་དུམ་མཚམས་གཅིག་དང་། ཚིག་རྐང་རེ་ལ་ཡིག་འབྲུ་དྲུག་རེ་ཡིན། སྡེབ་སྦྱོར་མཉམ་ཞིང་སྒྲ་གདངས་མཚུངས་པ་རེད། དང་པོ་དང་གཉིས་པ་ནི་དཔེ་དང་། གསུམ་པ་ནི་དཔེ་ཅན་བརྗོད་དོན་དངོས་ཡིན། འདི་ནི་ཡུལ་ཤུལ་དམངས་གླུའི་གཞི་རྩའི་མཚོན་ཐབས་ཤིག་རེད། ཡུལ་ཤུལ་དམངས་གླུ་ནི་ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱི་བསམ་པའི་བརྩེ་དུང་གི་གྲུབ་འབྲས་དང་། སེམས་ཁོང་གི་འཇིག་རྟེན་ཡིན་ལ། མང་ཚོགས་འཚོ་བའི་རིག་གནས་ཀུན་འདུས་རེད། དམངས་གླུ་ནི་མི་མང་གི་འཚོ་བ་དངོས་རིས་མཐོང་བའི་གསེར་གྱི་མེ་ལོང་ཡིན། འདིས་ཡུལ་ཤུལ་མི་མང་གི་སྐད་བརྡ་དང་། ཡི་གེ། འཚོ་བའི་གོམས་གཤིས། ཆོས་ལུགས་དད་མོས། མཛེས་དཔྱོད་ལྟ་བ་དང་འབྲེལ་བས་སྤྱི་ཚོགས་གནས་སྟངས་མི་འདྲ་བའི་ནང་གི་བོད་རིགས་ཀྱི་རྩ་ཆེའི་རིག་གནས་ཤུལ་དངོས་ལ་ཞིབ་འཇུག་བྱེད་ཆོག་པ་རེད། ཡུལ་ཤུལ་དམངས་གླུའི་ནང་དོན་ཕུན་སུམ་ཚོགས་ཤིང་། བསམ་བློ་རང་བཞིན་དང་། མི་དམངས་ཀྱི་རང་བཞིན་ཆེས་ཆེར་ལྡན། སྐད་བརྡའི་རྣམ་པ་གསོན་ཉམས་ལྡན་ཞིང་། འཚོ་བ་མཚོན་སྟངས་ཁྱབ་རྒྱ་ཆེ། བརྩེ་དུང་མངོན་ཚུལ་ལྷག་བསམ་ཟོལ་རྫུ་མེད་པས་བོད་རིགས་དང་། བོད་རིགས་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་རིག་གནས་རྒྱུ་ཆ་གལ་ཆེན་ཞིག་རེད། ཡུལ་ཤུལ་དམངས་གླུ་བྱུང་ནས་ད་བར་དུ་གདོད་མའི་ཚུལ་དུ་བསྡད་ཡོད། ཡུལ་ཤུལ་ཞབས་བྲོ་ལྟར་དུ་འདོད་མོས་ལྟར་དུ་བསྒྱུར་བཅོས་གཏོང་རྗེས་ཕྱི་རོལ་དུ་དར་བའི་གོ་སྐབས་ཉུང་ཉུང་རེད། འོན་ཏེ་དམངས་གླུ་ནི་དམངས་ཁྲོད་དུ་ཐར་ཐོར་དུ་ཡོད་པས་རྒྱུན་འཛིན་དང་དར་སྤེལ་དགོས་ན་དཀའ་ཁག་ཆེན་པོར་ཐུག །ད་བར་དུ་ཆེད་བསྒྲིགས་ཀྱིས་དམངས་གླུ་ལེན་པའི་བྱ་འགུལ་ཞིག་སྤེལ་མ་མྱོང་། རིགས་མི་འདྲ་བའི་དམངས་གླུ་བར་གྱི་རོལ་དབྱངས་ཀྱི་ཁྱད་ཆོས་ཚུལ་གསུམ་ཚང་བའི་མཚན་ཉིད་ཅིག་འགོད་ཐུབ་མེད་པས་མིང་བོས་ཏེ་ངོས་འཛིན་མི་ཐུབ། སྒྱུ་རྩལ་པ་མང་པོ་ཞིག་ལོ་རྒས་དྲགས་ནས་གླུ་ངག་ཡག་པོ་ཞིག་ཁུག་གིན་མེད། ལོ་ཆུང་གཞོན་ནུ་ཚོ་ནི་དམངས་གླུ་ལེན་དགའ་ཞིང་། ལེན་ཤེས་མཁན་ནི་ལོ་རེ་བཞིན་དུ་ཇེ་ཉུང་ཡིན་པས་རྒྱུད་འཛིན་བྱེད་པར་དཀའ་ཁག་ཡོད། ༡ བོད་རྒྱ་སྐད་ཡིག་གཉིས་ལ་མཁས་པའི་ལས་དོན་མི་སྣ་གསོ་སྐྱོང་བྱས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་དངོས་སུ་རྟོག་དཔྱོད་དང་། འཚོལ་བསྡུ། དག་སྒྲིག་བྱེད་དགོས། ༢ ཡུལ་ཤུལ་དམངས་གླུ་སྲུང་སྐྱོབ་མཐུན་ཚོགས་འཛུགས་ཏེ་། ས་གནས་སྲིད་གཞུང་དང་། ནོར་སྲིད། མི་སྒེར། ཁེ་དོན་ལས་དང་སྤྱི་ཚོགས་སྡེ་ཚོགས་ཀྱིས་མ་དངུལ་རྒྱབ་སྐྱོར་བྱེད་དགོས། ༣ ཕན་འབྲས་ཡུན་རིང་ལྡན་པའི་སྲུང་སྐྱོབ་ལམ་ལུགས་འཛུགས་ཏེ་ཚད་དང་ལྡན་པའི་ས་གནས་རང་གི་ཡིག་ཆ་དང་པོ་རྒྱུས་ལོན་ཤེས་རྟོགས་ཐུབ་པར་བྱེད་དགོས། ༤ ཡུལ་ཤུལ་དམངས་གླུ་ཞེས་པ་ཐོ་འགོད་དེ་ཤེས་བྱ་ཐོན་དབང་ལ་ཕན་ནུས་ལྡན་པའི་སྲུང་སྐྱོབ་བྱས་ཏེ་མཚོན་རྟགས་ལེན་དགོས།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.