པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
མདུན་གྱི་གནས།:ངོས་དང་པོ།>རང་བྱུང་ཐོན་ཁུངས།
 ཡུལ་ཤུལ་ངོ་སྤྲོད་མདོར་བསྡུས།
      ས་བབ་དང་ས་ངོས།
      རི་དང་རི་རྩེ།
      ཆུ་བོ་དང་མཚོ་མོ།
      གནམ་གཤིས།
      རང་བྱུང་ཐོན་ཁུངས།
      རྒྱུ་རྫས་ཐོན་ཁུངས།
      སྲིད་འཛིན་ཆོལ་ཁ།
      མི་གྲངས་དང་མི་རིགས།
 
  རང་བྱུང་ཐོན་ཁུངས།
༼ས་ཞིང་།༽ཡུལ་ཤུལ་ཁུལ་གྱི་ས་རྒྱ་ཆེ་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་དྲུག་ཁྲི་བདུན་བརྒྱ་ཡོད། འདིའི་ནང་དུ་ན་གོར་མོ་གྲོང་ཁྱེར་འཐུས་ཚབ་ཀྱིས་དོ་དམ་བྱེད་པའི་གདང་ལ་ཡུལ་ཚོ་སྤྱི་ལེ་གྲུ་བཞི་མ་དྲུག་ཁྲི་བཞི་སྟོང་དེ་འདུས་ཡོད། རྨོན་ཞིང་རྒྱ་ཁྱོན་ལ་མུའུ་ཉིས་འབུམ་ལྔ་ཁྲི་དྲུག་སྟོང་དྲུག་བརྒྱ་ཡོད། སྤྱི་ས་ཞིང་རྒྱ་ཁྱོན་གྱི་བརྒྱ་ཆའི་ཡང་ཤས་དྲུག་ཟིན། རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི་ཚོ་སུམ་འབུམ་བཞི་བརྒྱ་ཉེར་གཉིས་ཡོད། དེས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་དོན་བདུན་དང་ཆ་ཤས་བཞི་དང་ཡང་ཤས་གསུམ་ཟིན་ཡོད། ནགས་སའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ས་ཁྲི་ཚོ་བརྒྱད་བརྒྱ་ང་ལྔ་དང་ཆ་ཤས་གཅིག་དང་ཡང་ཤས་བདུན་ཡོད། དེས་བརྒྱ་ཆ་གཉིས་དང་ཆ་ཤས་བདུན་དང་ཡང་ཤས་གཅིག་ཟིན། སྡོད་དམངས་ས་ཚིགས་དང་། བཟོ་ལས་གཏེར་ལེན་བེད་སྤྱོད་ས་ཁྱོན་ལ་མུའུ་ཁྲི་ཚོ་ལྔ་དང་ཆ་ཤས་གཅིག་དང་ཡང་ཤས་གཉིས་ཡོད། དེས་བརྒྱ་ཆ་གསུམ་དང་ཆ་ཤས་བརྒྱད་ཟིན། ༼གཏེར་ཁ།༽ཡུལ་ཤུལ་ཁུལ་ས་ཁོངས་སུ་གྱི་གཏེར་ཁ་རིགས་ལ་གཙོ་བོ་ནི་མདོག་ནག་གསེར་དང་། མདོག་ལྡན་གསེར། རིན་ཆེན་གསེར། དཀོན་པའི་གསེར། འབུད་རྫས། བཟོ་ལས་མ་བཅོས་རྒྱུ་ཆ་དང་གཞན་པའི་ལྕགས་རིགས་མིན་པའི་གཏེར་རྫས་སོགས་ཡོད། ཐོག་མའི་ཤེས་གསལ་བྱུང་བའི་གཏེར་རྫས་ཐོན་ཁུངས་ཚོ་༢༦༡ཡོད། གཙོ་བོ་ལ་གསེར་དང་། དངུལ། ཟངས། ལྕགས། ཞ་ཉེ། རྡོ་སོལ། ཞ་ཉེ་ཏི་ཚ། མུ་ཟི། ཆུ་ཤེལ། གཡང་རྡོ་སོགས་སྣ་ཁ་བཞི་བཅུ་ལྷག་དང་། གྲངས་ཚད་ལ་ཏུན་དུང་ཕྱུར་སུམ་བརྒྱ་ལྷག་ཡོད། ནང་ཆེན་རྗོང་གི་ཟས་ཚྭ་ཐོན་ཚད་ཅུང་ཆེ་བས་བོད་ལྗོངས་དང་སི་ཁྲོན་སོགས་ཀྱི་ས་ཆ་ལ་ཚོང་འདྲེན་བྱེད་ཀྱིན་ཡོད། ༼རི་སྐྱེས་སྲོག་ཆགས།༽ རང་སྐྱོང་གི་ས་ཁོངས་སུ་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད། གཙོ་བོ་ལ་ཤྭ་བ་མཆུ་དཀར་དང་། ཤྭ། གླ་བ། རྐྱང་། འབྲོང་། གཙོད། གནའ། དགོ་བ། རྒྱ། གསའ། དྲེད། གཡུ། ཁྲུང་ཁྲུང་སྐེ་ནག །སྲེག་པ། གོང་མོ། ངང་པ་སོགས་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་དགོས་པའི་སྲོག་ཆགས་ལ་རིགས་བདུན་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་དགོས་པའི་སྲོག་ཆགས་ལ་རིགས་བཅུ་བཞི་ཡོད། ཡུལ་ཤུལ་ས་ཁུལ་གྱི་བྱ་རིགས་ནང་ནས་ཡ་མཚན་ཆེ་ཤོས་དེ་ཁྲུང་ཁྲུང་སྐེ་ནག་དེ་རེད། དེ་ནི་གཙོ་བོ་རོང་པོ་མཚོ་ཁའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་ནུབ་རྒྱུད་གྱི་མཚེའུ་ཡོད་ས་ལ་གནས་བཅས་ཡོད། སྐྱེ་ཁམས་ས་གཤིས་ཀྱི་ཐད་ནས་བཤད་ན་ཁུལ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་གནས་བཅའ་ས་དེ་ཕྱོགས་བཞིའི་སྐྱེ་ཁམས་ཐད་ནས་རིགས་བགར་ཆོག་པར་འདུག །དེ་ནི་གྲང་ངར་ཆེ་ཞིང་ཐང་རྒོད་ཡིན་པའི་རིགས་དང་། ཕྱེད་ཐང་རྒོད་ཡིན་པའི་རིགས། གྲང་ངར་ཆེ་ཞིང་སྤང་དང་རྩྭ་ལྗོངས། སྡོང་ཕྲན་ནགས་རྫོབ། རི་དང་ནགས་ཚལ། ལྕུག་རྩྭ་དང་སྤང་ལྗོངས་ཀྱི་རིགས། རྨོན་ཞིང་ཞིང་སའི་རིགས། ཡུལ་ཤུལ་གྱི་བྱ་རིགས་ནི་ཞིང་ཆེན་ཡོངས་ཀྱི་རྩེ་གྲལ་དུ་ཡོད་ཅིང་། རི་དྭགས་གཅན་གཟན་ནི་ཞིང་ཆེན་ཡོངས་ནས་ཨང་གཉིས་པའི་གྲལ་དུ་ཡོད། ༼རི་སྐྱེས་རྩི་ཤིང་།༽ཡུལ་ཤུལ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་སྟངས་ཀྱིས་ཅུང་ཕུན་སུམ་ཚོགས་པའི་རྩི་ཤིང་ཐོན་ཁུངས་ཤིག་ཡོད་པ་རེད། རྩི་ཤིང་་ཐོན་ཁུངས་ཀྱི་བེད་སྤྱོད་མི་འདྲ་བའི་སྒོ་ནས་རིགས་བགར་ན་འབྲོག་རྩྭའི་རྩི་ཤིང་་དང་། སྨན་ལྡུམ། བཟའ་བའི་རྩི་ཤིང་། མཛེས་དཔྱོད་རྩི་ཤིང་དང་བཟོ་རྩལ་རྩི་ཤིང་བཅས་རིགས་ལྔ་ཡོད། ཡུལ་ཤུལ་གྱི་ས་བོན་རྩི་ཤིང་ལ་རིགས་ཚན་༦༥དང་། ཁོངས་འདུས་༣༤༨དང་། སྣ་ཁ་༡༤༤༠ལྷག་ཡོད། ཁུལ་ཡོངས་ཀྱི་ས་ཁོངས་ནས་རྩ་ཆེ་ཞིང་དཀོན་པའི་སྨན་ལྡུམ་རིགས་མང་བས་སྨན་ནང་དུ་འགྲོ་བའི་རིགས་ལ་༩༡༣ཡོད། དེའི་ཁྲོད་དུ་རྩི་ཤིང་རིགས་ཀྱི་སྨན་རྫས་ལ་སྣ་ཁ་༨༠༨དང་། སྲོག་ཆགས་རིགས་ཀྱི་སྨན་རྫས་ལ་༨༠ཡོད། སྐད་གྲགས་ཆེ་བ་ལ་དབྱར་རྩྭ་དགུན་འབུ་དང་། ཤྭ་རྭ། གླ་རྩི། གངས་རྒྱན། རྫ་ཡུངས། སེ་ཡུངས། ལྕུམ་རྩྭ། བྱ་རྒོད་སུག་པ། རྒྱ་ཏིག །སྲད་དཀར་སོགས་ཡོད། བཟའ་བའི་རྩི་ཤིང་རིགས་ལ་༨༠ལྷག་ཡོད། གྲོ་མ་དང་། ཤ་མོ་སོགས་རོ་བཅུད་ལྡན་ཞིང་རིན་གོང་ཆེ་བའི་བཟའ་བཅའ་ཡག་གྲལ་འབའ་ཞིག་ཡིན། མཛེས་དཔྱོད་རྩི་ཤིང་ཀྱི་རིགས་ལ་སྣ་ཁ་༤༠༠ལྷག་ཡོད། གཙོ་བོ་ལ་སྡོང་རིང་ལྗོན་ཤིང་དང་། སྡོང་ཐུང་ལྗོན་ཤིང་། འཁྲི་ཤིང་མང་། བཟོ་རྩལ་རྩི་ཤིང་ནང་དུ་མཉེད་རྒྱུ་རྩི་ཤིང་དང་། ཚི་སྣའི་རྩི་ཤིང་། དྲི་ཞིམ་རྩི་ཤིང་དང་སྣུམ་རྒྱུ་རྩི་ཤིང་སོགས་འདུས་ཡོད། བཟོ་རྩལ་རྩི་ཤིང་གྱི་རིགས་ཅུང་ཉུང་། དེའི་ཁྲོད་དུ་མཉེད་སྤྱིན་ལེན་ཆོག་པའི་ཁྲག་གསོ་རྩྭ་སེར་དང་། ཡུན་ཧྲན་གསོམ་ཤིང་། སེ་རྒོད། ལྕང་མ་སོགས་ཡོད། ཚི་སྣ་འདྲེས་ཤིང་ཤོག་བུ་བཟོ་ཆོག་པའི་རེ་ལྕག་སོགས་ཡོད། ༼ཆུ་ནུས་དང་རླུང་ནུས། ཉི་འོད་ནུས་ཤུགས།༽ ཡུལ་ཤུལ་གྱི་ཆུ་ནུས་གློག་འདོན་གྱི་རིག་གཞུང་ལས་བཤད་ན་ཆོན་ཝ་ཁྲི་ཚོ་༦༡༢ཡོད། རང་སྐྱོང་ཁུལ་གྱི་ས་ཁོངས་ལས་དབུས་མདོ་ལམ་དང་། ནུབ་རྒྱུད་ས་ཁུལ་ནི་རླུང་ནུས་ཐོན་ཁུངས་ནི་ཤིན་ཏུ་ཕུན་སུམ་ཚོགས་པ་རེད། ཕན་འབྲས་ཡོད་པའི་རླུང་མྱུར་ཚད་གཞི་ལ་ཆུ་ཚོད་༦༠༠༠ཡན་དུ་ཡོད། རླུང་ནུས་ལོ་འཁོར་མོའི་ཆེས་གསོག་ཚད་ལ་༡༦༥༩.༠ཆོན་ཝ་རེ་ཆུ་ཚོད་རེ་ལ་རྨིས་གྲུ་བཞི་མ་ཡིན་པས། གསར་འདོན་བེད་སྤྱོད་ཀྱི་རིན་ཐང་ཆེན་པོ་ཡོད། དཀྱིལ་དབུས་སུ་མུ་གཞུང་དང་བྲག་དཀར་ཤོག་ནི་ས་བབས་མཐོ་བའི་གྲམ་ཐང་ཡིན་པས་ཕན་འབྲས་ཡོད་པའི་རླུང་མྱུར་ཚད་གཞི་ལ་ཆུ་ཚོད་༥༠༠༠ཡན་དུ་ཡོད། རླུང་ནུས་ལོ་འཁོར་མོའི་གསོག་ཚད་ལ་ཆེ་བའི་དུས་སུ་༥༦༡.༨༦༠ཆོན་ཝ་ལ་ཆུ་ཚོད་རེ་ལ་རྨིས་གྲུ་བཞི་མ་རེ་ཡིན། རླུང་ནུས་ཐོན་ཁུངས་བེད་སྤྱོད་ཆོག་པའི་ས་ཁུལ་ཡིན། ཡུལ་ཤུལ་ནི་ཉི་མ་འཕྲོ་ཡུན་རིང་བའི་ས་ཁུལ་རེད། ཉི་མའི་འཕྲོ་ཤུགས་ཆེ། ཉིན་དཀར་ཉི་མ་འཕྲོ་ཡུན་རིང་། ཉི་འོད་ནུས་ཤུགས་ཆེ། ལོ་འཁོར་མོའི་ཉི་མའི་འཕྲོ་ཚད་ཆུ་ཚོད་གྲངས་དུས་ལྟར་ན་ཁྲི་འདུ་དང་། ཡུལ་ཤུལ་དང་། རག་སྨད་ཤར་ངོས་ས་ཁུལ་དུ་ཅུང་ཉུང་བ་ཡིན། ཆུ་ཚོད་༢༥༠༠མན་དུ་ཡོད། དབུས་མ་ནས་རྫ་སྟོད་ཕྱོགས་ནས་ཆུ་ཚོད་༢༥༠༠མེད་པ་དང་། གཞན་པའི་ས་ཆ་ཚང་མ་ནས་ཆུ་ཚོད་༢༥༠༠ནས་༢༧༠༠བར་དུ་ཡོད། མུ་གཞུང་དང་བྲག་དཀར་ནུབ་རྒྱུད་ཀྱི་སེ་བོ་ཁོག་དང་། རྨ་སྟོད་བྱང་རྒྱུད་ཀྱི་ས་ཁུལ་དུ་ཆུ་ཚོད་༢༧༠༠ཡན་དུ་ཡོད། ལོ་འཁོར་མོ་ནང་ནས་ཉི་མ་འཕྲོ་བའི་ཆུ་ཚོད་མང་ཤོས་ནི་སྤྱི་ཟླ་ལྔ་པ་དང་། བརྒྱད་པ། བཅུ་པ་དང་བཅུ་གཅིག་པ་ཡིན། དེ་རུ་ཆུ་ཚོད་༢༡༩.༧ནས་༢༦༢.༠ཡིན། དེའི་ནང་ནས་སྤྱི་ཟླ་བཅུ་པའི་ནང་ནས་ཆེས་མང་བ་ཡིན། དབུས་མདོ་ལམ་ཉེ་རྒྱུད་ཆུ་ཚོད་༢༦༢.༠ཡིན། སྤྱི་ཟླ་གཉིས་པ་དང་། དྲུག་པ། དགུ་པ་ནང་དུ་ཅུང་ཉུང་བ་རེད། དེ་ལ་ཆུ་ཚོད་༡༧༠ནས་༢༡༠བར་དུ་ཡོད། ལྷག་ཏུ་སྤྱི་ཟླ་གཉིས་པའི་ནང་ནས་ཉུང་བ་རེད། ཡུལ་ཤུལ་ས་ཆ་ནས་ཆུ་ཚོད་༡༧༤.༧ཡིན། ས་ཁོངས་ནས་ཉི་མའི་འཕྲོ་ཚད་ཆེས་ཉུང་ཤོས་ནི་ཁྲི་འདུ་ཤར་རྒྱུད་ཀྱི་ས་ཆ་དེ་དག་ཡིན། ཉི་འོད་འཕྲོ་ཚད་ནི་ལིས་རྨིས་གྲུ་བཞི་མ་རེ་ལ་སྟོང་འདུས་༦༣༠ལ་ཡིན། ཟོ་སྐྱ་དང་། མུ་གཞུང་། དབུས་མདོ་ལམ་ནུབ་རྒྱུད་ཀྱི་ས་ཁུལ་ཁག་ཏུ་ཉི་འོད་འཕྲོ་ཚད་ཆེ། ལིས་རྨིས་གྲུ་བཞི་མ་རེ་ལ་སྟོང་འདུས་༦༦༠ཡིན།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.